༢༠༡༢།༠༧།༠༥ རེས་གཟའ་ཕུར་བུ།

Title

༢༠༡༢།༠༧།༠༥ རེས་གཟའ་ཕུར་བུ།

Description

  •  བོད་ཁམས་དཀར་མཛེས་ཀྲེ་ཧོར་དར་རྒྱས་དགོན་པའི་དགེ་འདུན་པ་ཞིག་ལ་རྒྱ་གཞུང་གི་ལོ་གསུམ་བཙོན་འཇུག་ཁྲིམས་བཅད་བཏང་འདུག 
  • Philadelphia བོད་མི་རྣམས་ཀྱིས་རང་བཙན་རུ་སྒྲིག་ནང་མཉམ་བཞུགས་གནང་སྟེ་བོད་ཀྱི་རིག་གཞུང་ལྗིད་ཉམས་ལྡན་པའི་སྒོ་ནས་བརྒྱུད་བསྒྲགས་གནང་འདུག 
  • ཊོ་རོན་ཊོ་ཁུལ་གྱི་བོད་རིགས་སློབ་མ་ཁག་ཅིག་གིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་ཆེད་ལྷ་དཀར་གྱི་ལས་འགུལ་སྤེལ་གནང་འདུག 
  • རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གཞུང་གི་ཆབ་སྲིད་ཀྱི་གོ་གནས་ཕུལ་བ་ཡིན་ནའི་མགོན་པོ་གང་ཉིད་ནས་བཞེས་གནང་གི་མིན་སྐོར་བཀའ་གནང་འདུག 
  • བྱང་ཨ་རིའི་ཁུལ་གྱི་གཞོན་ནུའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་རྒྱལ་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དགོས་པ་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་རྒྱུའི་གྲོས་ཆོད་བཞག་གནང་འདུག 
  • རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་བཏང་རྒྱུའི་ལས་འཆར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་ངོས་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸གོང་ས་མཆོག་ནས་ཕྱི་རྒྱལ་གྱི་བོད་རིགས་སློབ་ཕྲུག་ཁག་ཅིག་ལ་བོད་པའི་ངོ་བོ་མ་བརླག་པའི་ཐོག་བོད་ཀྱི་རིག་གཞུང་གཙོས་པའི་ནང་ཆོས་ལ་སྦྱང་ཤེས་གནང་དགོས་གལ་བཀའ་གནང་འདུག 
  • དམིགས་བསལ་ལས་རིམ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ལས་གྲུམ་བུའི་སྐོར།

Contributor

ངོ་རྒོལ་པ་དགེ་འདུན་པ་ངག་དབང་བློ་བཟང་ལགས།,འབྲེལ་མཐུད་པ་དགེ་བཤེས་ཡེ་ཤེས་བསོད་ནམས་ལགས།,ཚོགས་གཞོན་བསྟན་འཛིན་ཚུལ་ཁྲིམས་མཆོག,འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས།,ཨེམ་རྗེ་རྡོ་རྗེ་རབ་བརྟན་ལགས།,

Date

05-07-12