༢༠༡༢།༠༧།༡༣ རེས་གཟའ་པ་སངས།

Title

༢༠༡༢།༠༧།༡༣ རེས་གཟའ་པ་སངས།

Description

  • ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་ལ་༸གོང་ས་མཆོག་གི་ལྷན་དུ་གྲོས་མོལ་དགོས་པའི་དགོས་འདུན་བསྟོན་འདུག
  • རྒྱ་གཞུང་གི་ཡིག་ཆ་ཨང་ལྔ་པ་ཞེས་པ་དེ་མ་འོངས་༧གོང་ས་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་བཀོད་ཕྱོགས་ཐད་ལག་ཆ་ངན་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་། 
  • སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲོམ་ཆིན་གྲོང་ཁྱེར་ཁྱབ་ཁོངས་རྟ་རྩོག་རྫོང་གི་བཙོན་ཁང་ནང་དུ་དཀག་ཉར་བྱེད་བཞིན་པ་རེད་འདུག 
  • བཞུག་སྒར་དུ་ཕེབས་པའི་ཨོས་ཀྲོ་ལི་ཡའི་གྲོས་ཚོགས་སྐུ་ཚབ་ནས་མ་འོངས་པར་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག 
  • དེ་རིང་མཚོ་སྔོན་པོའི་ཁུལ་གྱི་བོད་མིའི་འབྲོག་ས་བཙན་འཕྲོག་བྱེད་བཞིན་པ་རེད་འདུག 
  • བཞུགས་སྒར་དུ་ཀི་རྟི་རིན་པོ་ཆེ་དབུ་བཞུགས་ཐོག་གཞུང་འབྲེལ་ཆོས་འབུལ་གནང་སོང་།
  • དམིགས་བསལ་ལས་རིམ། བཙན་བྱོལབོད་མིའི་གནས་སྟངས་ངོ་སྤྲོད་ཀྱི་ལས་རིམ་འདིའི་སིར་ན་ཀར་གནས་སྡོད་བོད་མི་ཁ་ཆེ་རྣམ་པའི་སྐོར་ལ་དམིགས་བསལ་ལས་ཚན།

Contributor

ལས་འགུལ་པ་དཀོན་མཆོག་ཡམ་འཕེལ་ལགས།,ཆོས་གྲགས་ལགས།,སྤྱི་འཐུས་བསྟན་པ་ལགས།,ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས།,Masud la,

Date

13-07-12