༢༠༡༣།༠༤།༢༥ རེས་གཟའ་ཕུར་བུ།

Title

༢༠༡༣།༠༤།༢༥ རེས་གཟའ་ཕུར་བུ།

Description

  • བོད་མདོ་སྨད་རྔ་བ་ནང་དུ་སླར་ཡང་དགེ་འདུན་པ་གཉིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་པ་དང་སྦྲགས་བོད་ནང་བོད་མི་རང་བསྲེགས་གནང་མཁན་གྱི་གྲངས་འབོར་དེ་༡༡༧ལ་བསླེབས་འདུག
  • ལྕམ་སྐུ་KathreinAshtenམཆོག་རྒྱ་ནག་དུ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག
  • ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་བྱས་པ་དེ་རྒྱ་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ལ་རྡོག་རོལ་བཏང་བ་རེད་གསུངས་འདུག
  • རྡ་སར་འཚམས་གཟིགས་དང་བསྟུན་ཨུ་རུ་སུའི་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ནས་བོད་སོག་གཉིས་བར་གྱི་འབྲེལ་བ་བསྐྱར་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག
  • རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནས་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད་རྒྱ་ནག་དེ་བཞིན་སླར་ཡང་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་སུ་ངོས་འཛིན་གནང་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་སོང།
  • རྒྱ་གར་ལྷོ་ཕྱོགས་ཁུལ་དུ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩིས་དང་བསྟུན་བོད་མི་བློས་གཏོང་བ་རྣམས་ཀྱི་ཆེད་དུ་ཆོས་འབུལ་སྨོན་ལམ་ཚོགས་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,གྲྭ་ཀ་ཡ་ཚེ་རིང་།,འགན་འཛིན་ཚེ་རིང་མཚོ་མོ།,སྦ་ཚེ་རིང་དགའ།,གྲྭ་ཐུབ་བསྟན་ཡར་འཕེལ།,

Date

25-04-13