Title
༢༠༡༣།༠༤།༢༩ རེས་གཟའ་ཟླ་བ།
Description
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་Dalahousieཡོད་པའི་རྒྱ་གར་གྱི་སྙན་གྲགས་ཆེ་བའི་སློབ་གྲྭ་ཁག་ཅིག་གི་སློབ་མ་རྣམས་ལ་རྒྱ་གར་གྱི་མནའ་བོའི་རིག་གཞུང་དེ་ད་ལྟའི་དུས་སྐབས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པའི་བཀའ་སློབ་སྩལ་འདུག
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་གནང་བའི་རྒྱུ་མཚན་གྱིས་དབྱིལ་ཡུལ་སྲིད་བློན་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་ཕྱིར་ཐེན་བྱ་དགོས་འཁེལ་འདུག
- རྒྱ་ནག་གི་བཙན་འོག་ཏུ་ལོ་ངོ་མང་ཤོས་གྲས་ཀྱི་བཙོན་བཅུག་དཀའ་སྡུག་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་ལགས་སྨན་བཅོས་ཀྱི་ཆེད་དུ་རང་ཁྱིམ་དུ་སློག་འདུག
- ཨ་རིའི་མངའ་སྡེ་Wisconsinནང་གི་བོད་མི་ཚོས་རྒྱང་བསྐྱོད་འགྲན་བསྡུར་ནང་མཉམ་བཞུགས་གནང་བ་དེ་མང་ཚོགས་ཀྱི་ཁྲོད་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་འདུག
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་དགུང་གྲངས་༨༠ཕེབས་པའི་གྱ་སྟོན་རྟེན་འབྲེལ་ཐོག་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་བཟང་དང་སྨོན་ཚིགས་གསོག་སྒྲུབ་ཀྱིས་རྟེན་བཞུགས་ལྟར་འབུལ་ཞུ་རྒྱུ་གནང་འཁེལ་འདུག
- རྒྱ་གར་རྒྱལ་ཡོངས་ShaheedDurgaBahadurདྲན་རྟེན་གསེར་གྱི་གཟིངས་རྟགས་རྐང་རྩེད་སྤོ་ལོ་ནང་བོད་ཀྱི་རྐང་རྩེ་སྤོ་ལོའི་རུ་ཁག་མཉམ་བཞུགས་གནང་འདུག
- བཞུགས་སྒར་དུ་གཏམ་བརྗོད་སྒྱུ་རྩལ་གྱི་ལམ་ནས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་རྗེས་དྲན་ཆེད་ཉིན་མོ་སྲུང་བརྩིས་ཞུས་གནང་འདུག
- དམིགས་བསལ་ལས་རིམ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་བོད་ཀྱི་སྲིད་དོན་རྒྱལ་རབས་དཔྱད་བརྗོད། རྒན་བྱམས་པ་བསམ་གཏན་ལགས།
Contributor
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,དབྱིལ་ཡུལ་སྲིད་བློན་མཆོག,རྒན་བྱམས་པ་བསམ་གཏན།,ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན།,དཔའ་བོ་ཐུབ་བསྟན་དངོས་གྲུབ།,ཚེ་རིང་དོན་གྲུབ།,མཁྱེན་རབ་རྒྱ་མཚོ།,
Date
29-04-13