༢༠༡༣།༠༥།༠༨ རེས་གཟའ་ལྷག་པ།

Title

༢༠༡༣།༠༥།༠༨ རེས་གཟའ་ལྷག་པ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་Marylandགཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་ཅིག་ཁྲི་བརྒལ་བར་ཞི་བདེའི་སྐོར་ལ་བཀའ་སློབ་སྩལ་འདུག
  • དབྱིན་ཇིའི་སྲིད་བློན་མཆོག་ནས་རྒྱ་གཞུང་གིས་དཔལ་འབྱོར་ནུས་སྟོབས་ངོས་ནས་དབྱིན་གཞུང་གི་མི་སྣ་ཐུགས་ཕྲད་ཐད་ལ་བཀོད་པ་གཏང་ཆོག་གི་མ་རེད་གསུངས་འདུག
  • རྒྱ་གཞུང་ནས་བོད་ཁམས་སྡེ་དགེ་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་འདུག
  • རྒྱ་གཞུང་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་དེ་གཙོ་གྲས་སུ་འཛིན་པའི་དབང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནད་དོན་ལ་འཐུས་ཤོར་འགྲོ་བཞིན་ཡོད་སྐོར་གསུངས་འདུག
  • Italyནས་ཡིན་པའི་Romanསྒྱུ་རྩལ་བ་ཞིག་གིས་རྨི་ལམ་ཞེས་པའི་འགྲེམ་སྟོན་བརྒྱུད་བོད་ཕྲུག་ཉམ་ཐག་གི་ཤེས་ཡོན་ལ་མཐུན་སྦྱོར་མཁོ་གྲུབ་གནང་བཞིན་འདུག
  • ལྷོ་ཨ་མི་རི་ཀའི་ནང་གི་སྨན་ཁང་དང་སྨན་སློབ་ཁག་ཅིག་ཏུ་བོད་ཀྱི་སྨན་དང་རྩིས་གཉིས་ཀྱི་གོ་རྟོགས་རྒྱ་ཆེར་སྤེལ་གནང་འདུག
  • རྒྱ་དམག་གི་མཐའ་སྲུང་དམག་མི་རྒྱ་གར་གྱི་ལ་དྭགས་ས་མཚམས་ནས་ཕྱིར་འཐེན་བྱས་འདུག
  • བོད་པའི་ན་གཞོན་རྣམས་ཀྱི་ཆེད་བཞུགས་སྒར་དུ་དམའ་རིམ་ཤེས་ཡོན་གྱི་འཛིན་གྲ་ཞིག་གསར་འཛུགས་དབུ་འབྱེད་གནང་སོང་།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,དབྱིན་ཇིའི་སྲིད་བློན་མཆོག,གྲྭ་དྲི་མེད་རྒྱལ་མཚན།,རྒྱ་རི་སྒྲོལ་མ།,

Date

08-05-13