༢༠༡༣།༠༥།༢༤ རེས་གཟའ་པ་སངས།

Title

༢༠༡༣།༠༥།༢༤ རེས་གཟའ་པ་སངས།

Description

  • བདེ་སྲུང་ལས་ཁུངས་ནས་རྒྱ་གཞུང་གི་རྡ་རམ་ས་ལར་སོ་མྱུལ་བཏང་སྟེ་མི་གསོད་ཁྲག་སྦྱོར་གྱི་དྲག་ལས་བརྩམ་ཐབས་བྱས་པ་ཐེར་འདོན་གནང་འདུག
  • རྒྱལ་སྤྱིའི་གཞུང་ཚོགས་ཁག་ནས་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་དོན་དམ་གྱི་རོགས་སྐྱོར་གནང་དགོས་པའི་རེ་འབོད་བཏོན་གནང་འདུག
  • བོད་མདོ་ཁམས་སྐྱེ་རྒུ་མདོ་རུ་རྒྱ་གཞུང་དམག་མིས་བོད་པའི་སློབ་གྲྭ་དང་སྡོད་ཁང་རྣམས་གཏོར་བཤིག་བཏང་ནས་བོད་མི་མང་དག་ཞིག་སྡོད་ས་མེད་པ་ཆགས་འདུག
  • རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་འདུག
  • རྒྱ་གཞུང་གི་ཆབ་སྲིད་གྲོས་ཚོགས་མི་སྣས་བོད་མའི་རང་བསྲེགས་ཀྱི་དོན་རྐྱེན་དེ་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཡིན་པའི་འགྲེལ་བརྗོད་བྱས་པར་རྐྱོན་བརྗོད་ནན་པོ་བྱས་འདུག
  • རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་སྲིད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་ཐུབ་ཡོད་ན་ད་ཆ་དེ་ལས་གྲུབ་འབྲས་ཆེ་ཙམ་ཐོན་ཡོད་སྐོར་གསུངས་འདུག
  • སྤྱི་ནོར་༸གོང་ས་ཏ་ལའི་བླ་མའི་མཐོ་སློབ་ཏུ་དགེ་བཤེས་ལྷ་རམས་པ་ཁག་དབྱིན་ཡིག་སློབ་འཁྲིད་ཀྱི་ལས་གཞི་དབུ་འཛུགས་གནང་འདུག
  • Dalialama.comཞེས་པའི་དྲ་ཚིགས་གསར་པ་ཞིག་སང་ཉིན་དབུ་འབྱེད་གནང་རྒྱུ་རེད་འདུག

Contributor

སོ་མྱུལ་བ་སྤེན་པ་ཚེ་རིང་།,འབྲོང་ཆུང་དངོས་གྲུབ།,བཀྲ་ཤིས་རྒྱལ་མཚན།,སྤྱི་འཐུས་བསྟན་པ།,བུ་མོ་ཚེ་རིང་།,འབོམ་རམས་པ་པད་མ་དབྱངས་ཅན།,

Date

24-05-13