༢༠༡༣།༠༦།༠༣ རེས་གཟའ་ཟླ་བ།

Title

༢༠༡༣།༠༦།༠༣ རེས་གཟའ་ཟླ་བ།

Description

  • རྒྱ་ནག་གཞུང་གི་བོད་མིའི་ཐོག་ཆབ་སྲིད་ཀྱི་གནས་ཚུལ་ལ་ཐག་གཅོད་ནན་པོ་བྱེད་ཀྱི་ཡོད་ཀྱང་བོད་མི་ནང་ཁུལ་མི་གསོད་རེས་ཀྱི་དོན་རྐྱེན་བྱུང་བར་དོ་སྣང་བྱེད་ཀྱི་མེད་པ་རེད་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཀྱི་བག་ཆགས་ཤུགས་ཆེ་ཡོད་པའི་འཕགས་ཡུལ་གྱི་ཆོས་གྲོགས་རྣམས་ནས་སྔར་གྱི་མཁས་པའི་མཛད་པའི་ལྟ་གྲུབ་ཀྱི་གཞུང་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།
  • རིང་མིན་ཕྱི་ཟླ་༩པའི་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧོང་ཀོང་ནང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་རྒྱུའི་གསོལ་འདེབས་ཞུས་གནང་འདུག
  • སྲིད་སྐྱོང་མཆོག་ནས་ལྕམ་MaryBethMarkeyམཆོག་ལ་ཐུགས་རྗེ་ལེགས་ཞུས་ཀྱིས་འཚམས་འཕྲིན་གནང་འདུག
  • དོན་གྲུབ་དབང་ཆེན་ལགས་སུ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་གཟེངས་རྟགས་དང་ཐེ་ཨན་མཱེན་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་འདུག
  • ཨ་རིའི་WalterJohnsonསློབ་གྲྭའི་ནང་དུ་ཆེ་ཐོག་མའི་བོད་ཀྱི་རྒྱལ་དར་སྒྲེངས་བཙུགས་གནང་འདུག
  • གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་རྒྱ་གར་ནུབ་Bengalནང་དུ་འབྱོར་འདུག
  • Australiaམི་མང་རྣམས་ལ་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་ཀྱི་གནས་སྟངས་ཡག་གྲས་ཡིན་པའི་པར་རིས་ཀྱི་དྲིལ་བསྒྲགས་སྤེལ་འདུག
  • དམིགས་བསལ་ལས་རིམ། ཁྲི་སྡེ་སྲོང་བཙན་སྐབས་ཀྱི་མངའ་ཐང་སྐོར་སཱ་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་སྟོབས་ལགས་ནས་ངོ་སྤྲོད་གནང་པ་དེ་རིང་ནས་དབུ་འཛུགས་ཞུས་ཀྱི་ཡིན།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ,།དོན་གྲུབ་དབང་ཆེན།,གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ།,རྒན་སྟོབས་ལགས།,ལྕམ་MaryBethMarkey,གངས་ཅན་ནོར་བུ།,

Date

03-06-13