༢༠༡༣།༠༦།༠༥ རེས་གཟའ་ལྷག་པ།

Title

༢༠༡༣།༠༦།༠༥ རེས་གཟའ་ལྷག་པ།

Description

  • བོད་ནང་དུ་ས་ཆུའི་རྩོད་གླེང་གི་ནང་འཁྲུག་བསད་རེས་བྱུང་བར་༸གོང་ས་མཆོག་ནས་ཐུགས་ཕམ་དང་སྦྲགས་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་གསུངས་འཕྲིན་བསྩལ་གནང་འདུག
  • ཨ་རིའི་Washingtonམངའ་སྡེའི་སྲིད་སྐྱོང་མཆོག་ནས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་དང་སྦྲགས་བོད་མིའི་དཀའ་ངལ་སེལ་ཐུབ་ཐབས་ཀྱི་ཐུགས་རེ་གནང་འདུག
  • དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་༢༤འཁོར་བ་དུས་དྲན་ཐོག་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་ནས་མཉམ་ཞུགས་ཀྱིས་རྗེས་དྲན་ཞུས་གནང་འདུག
  • ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་བོད་མི་རྣམས་ལ་སོ་སོའི་རྩ་ཆེའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་གནང་དགོས་གལ་གྱི་བཀའ་སློབ་བཀྲིན་སྩལད་གནང་འདུག
  • རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་སློབ་དཔོན་ཞིག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་དབར་ཁ་གསལ་དྭངས་གསལ་དང་དྲང་པོ་དྲང་ཤག་གིས་གྲོས་མོལ་གནང་དགོས་སྐོར་བརྗོད་འདུག
  • བོད་ཀྱི་བེུད་ལྷན་ཚོགས་ནས་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་དང་སྦྲགས་མང་ཚོགས་རྣམས་ལ་ཤིང་ཏོག་པགས་པས་རྫས་ལུད་བཟོ་སྟངས་ཀྱི་གོ་རྟོགས་སྤེལ་གནང་སོང་།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,ས་དཔལ་སྐྱ་གོང་མ་རིན་པོ་ཆེ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ།,དོན་གཅོད་ཟླ་བ་ཚེ་རིང་།,བསྟན་འཛིན་བརྩོན་འགྲུས།,རྡོ་རྗེ་སྐྱིད།,

Date

05-06-13