༢༠༡༣།༠༦།༠༧ རེས་གཟའ་པ་སངས།

Title

༢༠༡༣།༠༦།༠༧ རེས་གཟའ་པ་སངས།

Description

  • སྲིད་འཛིན་Obamaམཆོག་ལ་གྲོས་ཚོགས་འཐུས་མི་ནས་བོད་ནང་གི་གནས་སྟངས་ཡར་རྒྱས་ཡོང་ཆེད་དོན་ཕན་ལྡན་པའི་སྲིད་བྱུས་ལག་ལྟར་གནང་དགོས་སྐོར་གསུངས་འདུག
  • གངས་ལྗོངས་མེ་ལྕེ་བོད་ནང་གི་རང་བསྲེགས་ཅེས་པའི་བོད་དོན་ཕྱོགས་སྒྲིག་གི་གློག་བརྙན་ཞིག་འདོན་སྤེལ་གནང་འདུག
  • ཡུ་རོབ་མཐུན་ཚོགས་གཙོ་བོར་གྱུར་པའི་རྒྱལ་ཁབ་ཁག་ཅིག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་སྐོར་གསུངས་པ་ལ་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ལེགས་ཞུས་གནང་འདུག
  • ཕྱི་ལོ་༢༠༠༨ལོར་ཁམས་བྲག་གོ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་བྱས་ནས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་སྐུ་ཞབས་ཚེ་དབང་གྲགས་པ་ལ་དབང་པོ་སྐྱོན་ཅན་བཟོས་ནས་གློད་བཀྲོལ་བཏང་འདུག
  • གཙུག་ལག་ཁང་དུ་བོད་ཀྱི་མནའ་དེང་སྲོལ་རྒྱུན་གྱི་འགྲེམས་སྟོན་ཞིག་འགོ་འཛུགས་གནང་སོང་།
  • དམིགས་བསལ་ལས་རིམ།  བོད་ཀྱི་ཚོང་པ་ལྷན་ཚོགས་ཀྱི་དྲུང་ཆེ་འཆི་མེད་ཚེ་རིང་ལགས་ནས་བཙན་བྱོལ་ནང་གི་བོད་མི་ཚོའི་དགུན་ཚོང་གཉེར་ཕྱོགས་དང་ལྷག་པར་དུ་པཱ་ན་ས་ཁུལ་དུ་སུད་ཚོང་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་དེ་རིང་ནས་དབུ་འཛུགས་ཞུ་རྒྱུ་ཡིན།

Contributor

སྲིད་འཛིན་Obama,དྲུང་ཆེ་འཆི་མེད་ཚེ་རིང་།,སྲིད་འཛིན་ཞིན་ཅིང་ཕིང་།,སྐུ་ཞབས་ཚེ་དབང་གྲགས་པ།,ངག་དབང་མཁྱེན་རབ།,ཚེ་རིང་རྒྱལ།,

Date

07-06-13