༢༠༡༣།༠༦།༡༡ རེས་གཟའ་མིག་དམར།

Title

༢༠༡༣།༠༦།༡༡ རེས་གཟའ་མིག་དམར།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་Dunedinནང་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་༤༠ཙམ་དང་མཇལ་མོལ་གནང་འདུག
  • AustraliaSydneyགྲོང་ཁྱེར་ནང་དུ་བོད་དོན་འདུ་འཛོམས་ཐོག་༸གོང་ས་མཆོག་བཀའ་སློབ་སྩལ་གནང་རྒྱུ་རེད་འདུག
  • རྒྱ་རིགས་སྒྱུ་སྩལ་བ་ཞིག་ནས་བོད་མི་རང་བསྲེགས་ཀྱི་སྐུ་བརྙན་བརྒྱུད་རྒྱ་གཞུང་ནས་བོད་མི་རྣམས་ལ་ཆོས་དད་རང་དབང་སྤྲད་དགོས་པའི་རེ་འདུན་ཤུགས་ཆེར་གནང་འདུག
  • རྒྱ་ནག་གཞུང་གི་བཀའ་འགོག་ལ་ལྟོས་མེད་བོད་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་ཁམས་རྟའུ་ཉི་མཚོ་དགོན་པར་ཚོགས་བཞིན་འདུག
  • བོད་མཐོ་སྒང་གི་རྩ་ཐང་ཉམས་རྒུད་འགྲོ་བཞིན་པ་དེ་འབྲོག་པ་གནས་སྡོད་རྐྱེན་པས་མ་ཡིན་པར་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་རྐྱེན་པས་བྱུང་བཞིན་ཡོད་སྐོར་གསལ་སྟོན་གནང་འདུག
  • དམིགས་བསལ་ལས་རིམ། བོད་ཀྱི་ཟློས་གར་ཚོགས་པའི་གཞས་མ་པ་སངས་ལགས་ཀྱི་བཏང་གནང་པའི་གླུ་གཞས་རི་བོ་ཧི་མ་ལ་ཡ་དང་ཁོང་གི་གླུ་གཞས་འདིའི་སྐོར་ངོ་སྤྲོད་གནང་པའི་དུམ་བུ་ཞིག་གཤམ་དུ་གསན་རོགས་གནང་།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོགདྭགས་པོ་བསོད་ནམས་ནོར་བུ།,གཞས་མ་པ་སངས།,

Date

11-06-13