༢༠༡༣།༠༦།༡༥ རེས་གཟའ་སྤེན་པ།

Title

༢༠༡༣།༠༦།༡༥ རེས་གཟའ་སྤེན་པ།

Description

  • ཁམས་རྟའུ་ནང་རང་ལུས་མེར་བསྲེགས་གཏོང་མཁན་བཙུན་མའི་མཚན་ལ་དབང་ཆེན་སྒྲོལ་མ་དང་ཁོང་དང་ལྷན་བོད་མི་གཞན་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་གསར་པ་ཐོན་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ད་ལྟའི་བོད་མི་རྣམས་འཚོ་ཡག་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡོད་པ་མ་ཟད་མ་འོངས་པ་ཡང་ཆོས་དང་རིག་གཞུང་ལ་བརྟེན་ནས་འཚོ་རྒྱུ་ཡིན་པ་བཀའ་གནང་འདུག
  • བོད་མི་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་པའི་ཐོག་ནུབ་Bengalམངའ་སྡེའི་སྲིད་སྐྱོང་མཆོག་རྡོ་རྗེ་གླིང་བོད་མི་གཞིས་སྒར་དུ་གཟིགས་སྐོར་ལ་ཕེབས་འདུག
  • ལྷུན་པོ་ལའི་སྟེང་རྒྱ་གཞུང་གིས་གཏེར་རྫས་འདོན་རྒྱུའི་ལས་གཞིར་བོད་མིའི་སྒྲིག་འཛུགས་ནས་ཐུགས་འཚབ་ཡོད་སྐོར་གསུངས་འདུག
  • ཤེས་རིག་ལས་ཁུངས་ནས་བོད་ཕྲུག་སློབ་མ་རྣམས་ལ་དབྱིན་ཇི་དང་གོ་ལའི་ཁོར་ཡུག་སྐོར་དམིགས་བསལ་ལས་འཆར་ཞིག་འགོ་འཛུགས་གནང་འཆར་འདུག
  • དམིགས་བསལ་ལས་རིམ།  ༧གོང་ཉིད་ཀྱི་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སྩལ་བའི་སྐྱེས་རབས་གསུངས་ཆོས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,དབང་ཆེན་སྒྲོལ་མ།,གྲྭ་ཡ་མ་ཚེ་རིང་།,བསོད་ནམས་བཟང་མོ།,མགོན་པོ་ཡོན་ཏན།,

Date

15-06-13