༢༠༡༣།༠༦།༢༡ རེས་གཟའ་པ་སངས།

Title

༢༠༡༣།༠༦།༢༡ རེས་གཟའ་པ་སངས།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་ལ།Australiaའི་གྲོང་འཁྱེར་Adeliadeགྱི་སྤྱི་ཁྱབ་མཆོག་ནས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་འབྲེལ་གང་ཉིད་ནས་ཁུལ་དེར་ཡོད་པའི་མང་ཚོགས་དང་གཞན་ཡང་བོད་མི་རིགས་དང་སོག་པོའི་མི་རིགས་སོགས་ལ་བཀའ་སློབ་སྩལ་སྐབས་དྲང་བདེན་གྱི་སྟོབས་ཤུགས་ལ་ནམ་ཞིག་རྒྱལ་ཁ་ཐོབ་ངེས་པའི་བཀའ་སློབ་སྩལ་འདུག
  • རྒྱ་གཞུང་གི་ཉེ་འཆར་ཡུ་ཤུལ་ཁུལ་དུ་རང་བསྲེགས་གནང་མཁན་བསྟན་འཛིན་ཤེས་རབ་ལགས་ཀྱི་སྐོར་འཁྱོག་བཤད་དང་འབྲེལ་བོད་མི་ཞིག་འཛིན་བཟུང་བྱས་འདུག
  • རྒྱ་གཞུང་གི་དཔོན་རིག་ཁྲོད་བོད་མི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་དོན་འབྲས་མེད་པའི་བསམ་ཚུལ་ཤུགས་ཆེ་ཡོང་བཞིན་ཡོད་སྐོར་གསུངས་འདུག
  • རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་བསྟུན་བལ་ཡུལ་ནང་གི་བོད་མིའི་གནད་དོན་སྐོར་ལ་ཞུ་འབོད་གནང་འདུག
  • ཨ་རིིིིའི་བོད་མི་རྣམས་ནས་རྒྱལ་ས་ལྷའི་ནང་ལྷ་ས་Paradiseའམ་ལྷ་ཡུལ་ལྡན་པའི་ལྷ་ས་ཞེས་པའི་རྒྱལ་སྤྱིའི་མགྲོན་ཁང་ཞིག་གསར་འཛུགས་གནང་འཆར་ཐད་ལ་ངོ་རྒོལ་བྱས་འདུག
  • ཡོ་རོབ་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ལ་ལྷན་ཚོགས་ཤིག་ཚོགས་གནང་འདུག
  • བོད་རིག་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་རྒྱ་གཞུང་གིས་བསྐྱར་དུ་བཟང་བཙོན་དུ་བཅུག་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག,དཔའ་བོ་བསྟན་འཛིན་ཤེས་རབ།,རྩོམ་པ་པོ་ཚེ་རིང་འོད་ཟེར།,དངོས་གྲུབ་རྡོ་རྗེ།,བཀྲ་ཤིས་ཕུན་ཚོགས།,

Date

21-06-13