༢༠༡༣།༠༦།༢༥ རེས་གཟའ་མིག་དམར།

Title

༢༠༡༣།༠༦།༢༥ རེས་གཟའ་མིག་དམར།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག་ནས་བོད་པའི་ན་གཞོན་ཚོར་ལེགས་བཤད་བློ་གསལ་མིག་འབྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་གནང་རྒྱུ་རེད་འདུག
  • རྒྱ་ནག་གཞུང་ནས་བོད་པའི་བཙུན་མ་གཉིས་ལ་དུས་བཀག་མ་ཚང་གོང་གློད་བཀྲོལ་བཏང་བར་ཡུལ་མི་རྣམས་ཡ་མཚན་སྐྱེ་བཞིན་འདུག
  • ཨ་རིའི་ནང་དུ་གཞིས་སྤོ་བའི་རིག་གཞུང་དུས་སྟོན་གྱི་རུ་སྒྲིག་ནང་བོད་མི་རྣམས་ནས་མཉམ་བཞུགས་གནང་འདུག
  • རྒྱ་གར་Uttarakhandམངའ་སྡེའི་ནང་དུ་ཆུ་ལོག་གི་གོད་ཆགས་འོག་མི་རྒྱུ་ལ་གནོད་འཚེ་ཚབས་ཆེ་ཕོག་བཞིན་པར་རྡེ་ར་རྡུན་ས་ཁུལ་གྱི་བོད་མི་རྣམས་ནས་སྐབས་ཐོག་གི་ཕྱག་རོགས་ཞུ་བཞིན་འདུག
  • ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཚེ་རིང་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
  • བོད་པའི་ཚན་རིགས་སློབ་མ་ཁག་ཅིག་ལ་རྒྱ་གར་སྐྱེས་དངོས་ཚན་རིགས་ཞིབ་འཇུག་བསྟི་གནས་ཁང་དུ་་སྦྱོང་བརྡར་གྱི་གོ་སྐབས་ཕུལ་འདུག
  • དམིགས་བསལ་ལས་རིམ། བོད་ཀྱི་གནའ་རབ་དང་དེང་དུས་གླུ་གཞས་ཀྱི་ལས་རིམ་ནངརྡ་སྟེང་བོད་ཀྱི་སློབ་་གྲྭའི་སྔོན་འགྲོའི་སྡེ་ཚན་གྱི་སློབ་མ་ཁག་ནས་བླངས་པའི་བོད་ཀྱི་བྱིས་པའི་གླུ་གཞས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་མོ་མཆོག,ཟླ་བ་ཚེ་རིང་།,ཚོགས་གཙོ་སྐལ་བཟང་།,སྤྱི་ཟུར་བསྟན་སྐྱབས།,ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཚེ་རིང་།,གངས་ལྷ་མོ།,ཐར་ལམ་སྒྲོལ་མ།,

Date

25-06-13