༢༠༡༣།༠༧།༡༠ རེས་གཟའ་ལྷག་པ།

Title

༢༠༡༣།༠༧།༡༠ རེས་གཟའ་ལྷག་པ།

Description

  • བོད་ཁམས་རྟའུ་ཁུལ་དུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་རྩིས་ཞུ་སྐབས་རྒྱ་གཞུང་གིས་དྲག་ཆས་དམག་མི་ཡིས་མེ་མདའ་རྒྱབ་ནས་བོད་མི་༡༠ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག་པ་མ་ཟད་བོད་མི་༢༠་ཙམ་ལ་རྡུང་རྡེག་ནན་པོ་བཏང་འདུག
  • རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་གཞུང་ནས་༸གོང་ས་མཆོག་གི་ཐད་ལ་བཟུང་བའི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་སྐོར་བརྗོད་འདུག
  • ཨ་རི་དང་རྒྱ་ནག་གི་ལྷན་ཚོགས་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སོང་མེད་པའི་གནད་དོན་གཙོ་བོར་གླེང་དགོས་པའི་རེ་འབོད་བཏོན་འདུག
  • France གྲོས་ཚོགས་ནང་དུ་༸གོང་ས་མཆོག་གི་སྐུ་པར་གདན་ཞུས་ཐོག་སྐུའི་འཁྲུངས་སྐར་སྲུང་རྩིས་ཞུས་འདུག
  • རག་ར་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་གུས་འདུད་ཀྱི་ལྷན་ཚོགས་ཤིག་ཚོགས་གནང་སོང་།
  • རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས༡༩པ་དེ་བཞིན་རབ་རྒྱས་གླིང་གཞིས་ཆགས་སུ་དབུ་འཛུགས་གནང་འཆར་འདུག
  • དམིགས་བསལ་ལས་རིམ། འདི་ལོའི་ཕྱི་ཟླ་༥པའི་ནང་གང་ཉིད་ནས་Salugrahའི་ཁུལ་གྱི་བོད་མི་དང་ཧི་མ་ཡའི་དད་ལྡན་པའི་རྣམས་ལ་སྩལ་གནང་བའི་བཀའ་སློབ་སྔ་མའི་འཕྲོས།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,གྲྭ་ཡ་མ་ཚེ་རིང་།རག་ར་རིན་པོ་ཆེ་མཆོག,ནོར་བུ་ཚེ་རིང་།གྲྭ་བསོད་ནམས།,དོན་གཅོད་ཚེ་རིང་དོན་གྲུབ།,སློབ་དཔོན་བཀྲ་ཤིས་ཚེ་རིང་།,སྐལ་བཟང་དོན་གྲུབ།,

Date

10-07-13