༢༠༡༣།༠༧།༢༠ རེས་གཟའ་སྤེན་པ།

Title

༢༠༡༣།༠༧།༢༠ རེས་གཟའ་སྤེན་པ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་རྒོ་འདོད་རྒུ་གླིང་དུ་གཞི་ཆགས་ཀྱི་བོད་མི་རྒན་རབས་པ་༡༠༠ལྷག་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
  • མདོ་སྨད་རྔ་པ་མཛོད་དགེ་རྫོང་དགེ་འདུན་པ་ཞིག་གིས་དེ་རིང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཞིག་ཐོན་འདུག
  • བོད་མདོ་སྨད་མཚོ་བྱང་ཁུལ་མདོ་ལ་རྫོང་དང་ཁྲོ་མིལ་གྲོང་སྡེ་གཉིས་དབར་རྩོད་རྙོག་གྱི་རྐྱེན་པས་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོགས་འདུག
  • གླིང་ཚ་ཆེ་བརྟན་རྡོ་རྗེ་ལགས་ནས་རང་གིས་ཞི་བའི་གོམ་བགྲོད་ཀྱི་འཇུག་འབྲས་གང་འདྲ་ཞིག་བྱུང་ཡང་གྲ་སྒྲིག་ཨང་སར་ཡིན་སྐོར་གསུངས་འདུག
  • རྒྱ་གར་གཞུང་ནས་ཧི་མ་ཡ་ལ་ཡི་ཁུལ་གྱི་མཐའ་སྲུང་དམག་མི་གི་ཁྲི་ལྔ་མང་དུ་བཏང་རྒྱུ་གཏན་འབེབས་་གནང་འདུག
  • བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་གནས་ཁག་ཅིག་སྨན་ཞབས་པ་ཚོར་སྤྱི་ཚོགས་དང་འབྲེལ་བའི་འཕྲོད་བསྟེན་ཟབ་སྦྱོང་ཞིག་གནང་འདུག
  • བོད་ཁམས་རྟའུ་ཁུལ་བོད་མིའི་ཆོས་དད་རང་དབང་གི་དཀའ་ངལ་སེལ་ཕྱིར་ཧོན་ཀོང་དུ་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་རེེད།
  • དམིགས་བསལ་ལས་རིམ། ༸གོང་ས་མཆོ་ག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྩལ་བའི་སྐྱེས་རབས་ཀྱི་བཀའ་ཆོས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཨ་རིགས་འགྱུར་མེད།,གླིང་ཚ་ཆེ་བརྟན་རྡོ་རྗེ།,མ་སྡོམ་བུ་སྐྱིད།,སྲིད་སྐྱོང་བློ་བཟང་སེང་གེ།,

Date

20-07-13