༢༠༡༢།༡༠།༡༦ རེས་གཟའ་མིག་དམར།

Title

༢༠༡༢།༡༠།༡༦ རེས་གཟའ་མིག་དམར།

Description

  • ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་Bostonནང་དཔལ་འབྱོར་དང་ཁོར་ཡུག་གི་ཁས་ཕན་ལྷན་ཚོགས་ཞིག་གི་ཐོག་དབུ་བཞུགས་གནང་འདུག
  • ཐའེ་ཝན་ནང་རྒྱལ་གཅེས་རྒྱ་རིགས་ཤེས་ལྡན་མི་སྣ་ཁག་གཅིག་གདན་ཞུ་ཐོག་བོད་དོན་སྐོར་བསམ་ཚུལ་རྗེས་ལན་གྱི་བགྲོ་གླེང་ལྷུག་པོ་གནང་འདུག
  • རྒྱལ་སྤྱི་རང་དབང་གོམ་བགྲོད་ཆེན་མོ་ནང་བོད་མིས་ཚོའི་མཉམ་བཞུགས་གནང་སྟེ་མི་རིགས་གཞན་དང་མཐུན་སྒྲིལ་གོམ་སྤེལ་བཏང་གནང་འདུག
  • ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་བཞུགས་སྒར་དུ་བོད་ཀྱི་གློག་བརྙན་དུས་སྟོན་དང་འབྲེལ་བའི་མཛད་སྒོ་ཞིག་ཚོགས་གནང་འདུག
  • རྒྱ་གར་བྱང་ཕྱོགས་བོད་ཀྱི་བདེན་པའི་མེ་ལྕེ་དེ་བཞིན་ཁ་ས་རྒྱལ་སར་ལྡི་ལིར་ནང་མཇུག་བསྒྲིལ་གནང་འདུག
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་འདི་ནང་ཨོས་ཀྲོ་ལི་ཡའི་ནང་བཅར་བཞུགས་བོད་མིའི་གཞོན་སྐྱེས་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བཏང་གནང་བའི་ཧི་མ་ལ་ཡའི་གླུ་གཞས་དེ་གསན་རོགས་གནང་།

Contributor

༸གོང་ས་ཆེན་པོ་མཆོག,དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག,གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས།,བཀྲིས་ལགས།,སྐུ་ཚབ་ཉི་མ་དོན་གྲུབ་ལགས།,སྤྱི་འཐུས་ཨཅྱ་ཡེ་ཤེས་ཕུན་ཚོགས་མཆོག,བལ་ཡུལ་ཚོགས་གཞོན་ཉི་མ་ལགས།,

Date

16-10-12