༢༠༡༣།༠༨།༠༡ རེས་གཟའ་ཕུར་བུ།

Title

༢༠༡༣།༠༨།༠༡ རེས་གཟའ་ཕུར་བུ།

Description

  • བོད་མིའི་ཆབ་སྲིད་བཙོན་ཟུར་རུང་རྒྱལ་ཨ་གྲགས་རྒྱ་མིའི་བཙོན་ཁང་ནང་ལུས་ནས་ལོ་དྲུག་འཁོར་བ་དང་སྦྲགས་ཁོང་ཕྲལ་དུ་གློད་གྲོལ་དགོས་པའི་རེ་འབོད་བྱས་འདུག
  • ཁ་སང་ལྷག་དཀར་ཉིན་མོར་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་འདུག
  • ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ནས་རྒྱ་ནག་དང་ཨ་རིའི་གཉིས་དབར་གྱི་འགྲོ་བ་མིིའི་ཐོབ་ཐང་གི་ཞི་མོལ་ཐོག་དོན་དམ་པའི་གྲུབ་འབྲས་ཐོན་ཀྱི་མེད་པའི་སྐྱོན་བརྗོད་བྱས་འདུག
  • རྒྱ་ནག་ནང་གི་ཀུ་ཤུ་རྟགས་ཅན་བཟོ་གྲྭའི་ལས་མིའི་ནང་མི་རིགས་དབྱེ་འབྱེད་བྱས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རེ་འབོད་ཀྱི་ཞུས་སྙན་ཕུལ་འདུག
  • རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་ཡིས་བོད་ནང་མི་རིགས་རྩ་གཏོར་གྱི་དོན་རྐྱེན་གསར་པ་ཞིག་ཡོང་གི་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གཞུང་གི་བོད་ཀྱི་ལོ་རྒྱུས་རྫུན་མ་འཁྲབ་སྟོན་བྱ་བའི་ལས་གཞི་ལ་སྐྱོན་བརྗོད་ནན་པོ་བྱས་འདུག
  • དམིགས་བསལ་ལས་རིམ། རྒྱལ་སྤྱིའི་བོད་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་ཐོག སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་ནས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ནང་གི་གྲིབ་སེལ་བའི་ལགས་ལེན་སྐོར་ལ་ངོ་སྤྲོད་གནང་བ།

Contributor

ཆབ་སྲིད་བཙོན་ཟུར་རུང་རྒྱལ་ཨ་གྲགས།,སྤྱི་འཐུས་ཨ་འབྲུག་ཚེ་བརྟན།,སྨན་པ་བརྩོན་འགྲུས་རྒྱ་མཚོ།,ཐུབ་བསྟན་དབང་ཆེན།,དྲུང་ཆེ་ལམ་བཟང་།,

Date

01-08-13