༢༠༡༣།༠༨།༡༢ རེ་གཟའ་ཟླ་བ།

Title

༢༠༡༣།༠༨།༡༢ རེ་གཟའ་ཟླ་བ།

Description

  • སྔ་ལོའི་ཕྱི་ཟླ་༡༡ནང་རེབ་གོང་ཁུལ་ནས་བོད་མི་མང་དག་ཅིག་འཛིན་བཟུང་བྱས་པའི་ཁོངས་ནས་བོད་མི་གཅིག་ལ་ལོ༢དང་ཕྱེད་ཀའི་ཁྲིམས་ཐག་གཅད་པ་དང་གཞན་གཉིས་གློ་གྲོལ་བཏང་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་སྩལ་གནང་རྒྱུ་རེད་འདུག
  • རྒྱ་གཞུང་གིས་གཞིས་ཀ་རྩེར་བོད་མིའི་སྒོ་ཟོག་སེམས་ཅན་སྡེབ་གསོད་བྱས་པ་དང་བོད་མི་ཞིག་འཇུས་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
  • ལྡི་ལི་ཁུལ་དུ་གནས་སྡོད་བོད་མི་རྣམས་ཞབས་རིམ་གསོག་སྒྲུབ་གནང་མུས་རེད་འདུག
  • མངའ་རིས་སྤྱི་འཐུས་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཚོགས་པའི་རྒྱུན་ལས་གསར་འདེམས་དང་༸གོང་ས་མཆོག་གི་སྐུ་ཕྱྭ་བོད་མིའི་རྩ་དོན་རྒྱུན་གནས་སོགས་ཀྱི་གྲོས་གཞིའི་ཐོག་གྲོལ་མོལ་གནང་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྐྱེན་པས་ཧི་མ་ལ་ཡའི་རང་བྱུང་ཁོར་ཡུག་ལ་ཉེན་འཚབ་ཡོང་རྒྱུ་ཡིན་སྐོར་གསུངས་འདུག
  • མདོ་སྨད་མཚོ་ཤར་ཁུལ་དུ་ཆུ་ལོག་རྐྱེན་པས་བོད་མི་རྣམས་ཀྱི་ས་ཞིང་ལ་གནོན་སྐྱོན་ཚབས་ཆེན་ཕོག་འདུག
  • དམིགས་བསལ་ལས་རིམ། ལྷ་སའི་ཞོལ་རྡོ་རིང་གི་སྐོར། རྒན་ཐུབ་བསྟན་ཡར་འཕེལ་ལགས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,གྲྭ་བསོད་ནམས།,འཆི་མེད་རིག་འཛིན།,རྒན་ཐུབ་བསྟན་ཡར་འཕེལ།,སྐལ་བཟང་།,ཚོགས་གཙོ་ཀུན་དགའ་བཀྲ་ཤིས།,ཨ་ཅ་རྱ་ཡེ་ཤེས་ཕུན་ཚོགས།,ཚོགས་གཙོ་སྤེན་པ་ཚེ་རིང་།,འཇིགས་མེད་ནོར་བུ།,

Date

12-08-13