༢༠༡༣།༠༨།༡༣ རེ་གཟའ་མིག་དམར།

Title

༢༠༡༣།༠༨།༡༣ རེ་གཟའ་མིག་དམར།

Description

  • ཕྱི་རྒྱལ་གྱི་གཞས་མ་གྲགས་ཅན་bjorkལགས་ཀྱིས་རང་བཙན་དང་འབྲེལ་བའི་གླུ་གཞས་བླངས་ཏེ བོད་མིར་གདུངས་སེམས་མཉམ་བསྐྱེད་ཞུས་འདུག
  • བཙན་འབྱོལ་བོད་མིའི་གཞི་ཆགས་སྲ་བརྟན་གྱི་ལས་གཞི་ནང་མཉམ་བཞུགས་གནང་བ་ནི་བོད་དོན་འཐབ་རྩོད་ལ་ཞབས་འདེགས་ཞིག་ཀྱང་ཡིན་སྐོར་གསུངས་འདུག
  • རྒྱ་ནག་གིས་བོད་དེ་མི་ཚོགས་འགུག་སའི་སྐྱིད་གླིང་གི་གནས་ཞིག་ཏུ་བསྒྱུར་འདོད་བྱེད་བཞིན་ཡོད་སྐོར་གསུངས་འདུག
  • བོད་མི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲྭ་རྒྱའི་ནང་དྲྭ་འབུ་ཞིག་ཡོད་པའི་མངོན་གསལ་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དགའ་ལྡན་དགོན་པར་རི་བོ་དགེ་ལུགས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཚོགས་བཞིན་འདུག
  • རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུག
  • ཨ་རིའི་ནེའུ་ཡོག་ནང་མ་ཧ་གུ་རུའི་འབུམ་ཚོགས་ཚོགས་རྒྱུ་ཡིན་པ་རེད།
  • དམིགས་བསལ་ལས་རིམ། བོད་འབའ་ཁུལ་གྱི་འབའ་བའིི་གླུ་བ་ཁག་ཅིག་གིས་བླངས་གནང་པའི་འབའ་བའི་དམངས་གཞས།

Contributor

གཞས་མ་གྲགས་ཅན་bjork,ཚེ་རིང་དོན་གྲུབ།,དགེ་བཤེས་བློ་བཟང་ངག་དབང་།,སངས་རྒྱས་རྒྱ་མཚོ།,འགན་འཛིན་ཚེ་རིང་ཆོས་འཛོམས།,

Date

13-08-13