༢༠༡༣།༠༨།༡༩ རེས་གཟའ་ཟླ་བ།

Title

༢༠༡༣།༠༨།༡༩ རེས་གཟའ་ཟླ་བ།

Description

  • བོད་མདོ་སྨད་ཡུལ་ཤུལ་ཁུལ་དུ་མི་དམངས་རྣམས་ནས་བོད་མི་ནང་ཁུལ་མཐུན་ལམ་བྱ་རྒྱུའི་དམ་བཅའ་ཞུས་འདུག
  • བོད་མདོ་སྨད་རེབ་གོང་ཁུལ་དུ་བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་དམིགས་འོག་ལོ༤བར་གྱི་དུ་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་ཡོད་པ་རེད།
  • རྒྱ་གཞུང་གིས་སྒྲོལ་མ་སྐྱབས་ལགས་ལ་ཁྲིམས་མཐུན་མ་ཡིན་པའི་སྲོག་ཐོག་ཉེས་ཆད་བཏང་བར་སྐྱོན་བརྗོད་ནན་པོ་བྱས་འདུག
  • ཨ་རིའི་ནང་དུ་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་དུས་སྟོན་ཞིག་སྲུང་བརྩིས་ཞུས་འདུག
  • ད་ནས་བཟུང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སྐབས་FM Radioའམ་ལག་ཐོག་རླུང་འཕྲིན་ཉན་ཆས་རིགས་ཁྱེར་མི་ཆོག་པ་བཟོས་འདུག
  • བོད་དོན་འཐབ་རྩོད་ཀྱི་སྙིང་སྟོབས་གོང་སྤེལ་གཏོང་ཆེད་དངོས་པོ་ཀུན་གྱི་རང་བཞིན་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།
  • དམིགས་བསལ་ལས་རིམ། ལྷ་སའི་ནང་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྡོ་རིང་སྐོར་ལ་ངོ་སྤྲོད།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,དོན་ཡོད།,བསོད་ནམས།,འགན་འཛིན་ཚེ་རིང་མཚོ་མོ།,དཀོན་མཆོག་མགོན་པོ།,དྲུང་ཆེ་དབང་ཕྱུག,བཀའ་ཟུར་དཔལ་འབྱོར་ཚེ་རིང་།,

Date

19-08-13