༢༠༡༣།༠༨།༢༩ རེ་གཟའ་ཕུར་བུ།

Title

༢༠༡༣།༠༨།༢༩ རེ་གཟའ་ཕུར་བུ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་འདིའི་ནང་འཛམ་གླིང་འདི་ཞི་བདེའི་ཁྱིམ་ཚང་ཞིག་སྐྲུན་ཐུབ་རྒྱུའི་རྨི་ལམ་ཡོད་སྐོར་གསུང་འཕྲིན་སྩལ་འདུག
  • བོད་མདོ་སྨད་རེབ་གོང་གི་ན་གཞོན་གླུ་བ་ཞིག་ལ་རྒྱ་གཞུང་ཁྲིམས་ཁང་ནས་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
  • སྲིད་སྐྱོང་བློ་བཟང་སེང་གི་མཆོག་ནས་ཨ་རིའི་ཡོ་ཊ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་རིག་པའི་དགེ་སློབ་ཁག་ཅིག་ལ་གསུངས་བཤད་གནང་འདུག
  • སྤྱི་འཐུས་རྣམས་ནས་རྒྱ་གར་ལྷོ་ཕྱོགས་Goa གྲོང་ཁྱེར་ནང་གི་བོད་དོན་ཞི་འབོད་ཀྱི་ལས་འགུལ་ལེགས་གྲུབ་ཟེན་ཏེ་དེ་རིང་Maharastra མངའ་ཁུལ་ནང་བསྐྱོད་མུས་ཡིན་པ་རེད།
  • རྒྱལ་སྤྱིའི་རི་བོ་དགེ་ལྡན་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་སྒྲིལ་བ་དང་གལ་ཆེའི་གྲོས་ཆོད་ཁག་ཅིག་བཞག་གནང་འདུག
  • རྡ་རམ་སའི་ཉེ་འཁྲིས་དགོན་སྡེ་ཁག་གི་ནང་དུ་ཁ་པར་དང་དྲྭ་ཐོག་གི་བདེ་འཇག་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་འདུག
  • བོད་མིའི་སྒྲིག་འཛུགས་ཀྱིས་གཞི་ཆགས་ཀྱི་སྨན་ཞབས་པ་ཁག་ཅིག་ལ་སེམས་ཁམས་འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང་ཞིག་ཕུལ་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ།,གླུ་བ་བཀྲ་ཤིས།,བསོད་ནམས།,སྤྱི་འཐུས་ཨ་འབྲུག་ཚེ་བརྟན།,སྤྱི་འཐུས་ཀརྨ་ཡེ་ཤེས།,བསྟན་འཛིན་ཚེ་ལྷ།,འཕྲིན་ལས་དཔལ་མོ།,

Date

29-08-13