Title
༢༠༡༢།༡༡།༣༠ རེས་གཟའ་པ་སངས།
Description
- ཕྱི་ཟླ་༣པའི་ནང་འབའ་རྫོང་དུ་རྒྱ་གཞུང་གི་དྲག་གནོན་འགོ་རྨས་སྐྱོན་ཕོག་པའི་བོད་མིའི་ཞིག་ད་རིང་འདས་གྲོངས་སུ་གྱུར་འདུག་པ་སོགས་ད་རིང་བོད་ནང་གི་གནས་ཚུལ་ཁག་གཅིག
- ཨ་རི་ཕྱི་སྲིད་ལས་ཁུངས་ནས་དང་རྒྱལ་སྤྱིའི་འགྲོ་བ་མིའི་རྟག་ཞིབ་ཚོགས་པའི་ངོས་ནས་བོད་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་སྦྲགས་རྒྱ་གཞུང་གིས་ངོས་ནས་བཟང་ཕྱོགས་ཀྱི་གོམ་པ་དཔོད་དགོས་སྐོར་གསུངས་གནང་འདུག
- ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཉི་ཁྲི་རྒྱལ་བ་ལམ་རིམ་ཆེན་མོའི་བཀའ་ཆོས་དབུ་འཛུགས་བསྐྱངས་གནང་འདུག
- སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ད་ལྟའི་བོད་ནང་གི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་མུ་མཐུད་བོད་ས་བཙན་བཟུང་བྱེད་བཞིན་ཡོད་པ་དེ་རེད་བཅས་གསུངས་གནང་འདུག
- བོད་མིའི་བློས་གཏོང་བ་རྣམས་ཀྱི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་བའི་བཙན་བྱོལ་ས་ཕྱོགས་གང་སར་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རྣམ་མང་སྤེལ་བཞིན་འདུག
Contributor
༸གོང་ས་མཆོག,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,Dr. Anand Kumar,ཆོས་རིང་བཀའ་བློན་པདྨ་ཆོས་འབྱོར་མཆོག,རྒྱ་རིགས་ཐར་ལགས།,
Date
30-11-12