༢༠༡༣།༠༩།༡༠ རེས་གཟའ་མིག་དམར།

Title

༢༠༡༣།༠༩།༡༠ རེས་གཟའ་མིག་དམར།

Description

  • BCC གསར་ཁང་གི་གནད་དོན་དབྱེ་ཞིབ་གནང་མཁན་གྱི་གསར་འགོད་པ་ཞིག་ནས་ལྷ་སའི་ནང་གི་དམ་དྲག་གནས་སྟངས་གསལ་སྟོན་དང་འབྲེལ་བོད་མི་ཚོར་ཕྱི་བསྐྱོད་ཀྱི་རང་དབང་མེད་སྐོར་གསུངས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་རིག་གཞུང་དང་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་སྲུང་སྐྱོབ་བྱ་རྒྱའི་ནི་གཞི་རྩའི་དམིགས་ཡུལ་ཡིན་པའི་བཀའ་སློབ་གནང་འདུག
  • རྒྱ་གར་Gujurat མངའ་སྡེའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཞུ་གཏུག་གི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེར་ཐོབ་འདུག
  • བོད་ཀྱི་བེུད་ལྷན་ཚོགས་སླར་གསོ་ཞུས་ནས་ལོ་ངོ་༢༩འཁོར་བའི་དུས་དྲན་སྲུང་བསྩིས་དང་བསྟུན་རྒྱ་གཞུང་ནས་བོད་རྒྱ་གྲོས་མོལ་འགོ་འཛུགས་དགོས་པའི་རེ་འདུན་ཁག་ཅིག་བཏོན་གནང་སོང་།
  • རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ནང་སླར་ཡང་གནམ་ཐང་ཞིག་གསར་རྒྱག་བྱ་རྒྱུ་ཡིན་པ་ཡོངས་གྲགས་བྱས་འདུག
  • རྒྱ་གཞུང་གི་སྲོགས་ཁྲིམས་བཅད་པའི་སྒྲོལ་མ་སྐྱབས་ལགས་ཀྱི་ཆེད་དུ་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་ཞུ་འབོད་དང་དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་བཞེང་ཆེད་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་རོལ་དབྱངས་འདུ་འཛོམས་ཚོགས་འདུག
  • དམིགས་བསལ་ལས་རིམ། བོད་ནང་གི་གཞས་མ་གྲགས་ཅན་ནོར་བུ་ཆོས་སྒྲོན་ལགས་ཀྱིས་བླངས་གནང་པའི་ནང་མ་གཟུགས་མཛེས་ལགས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ལྕམ་སི་རལ་ལགས།,སྤྱི་འཐུས་ཨ་འབྲུག་ཚེ་བརྟན།,ཚོགས་གཙོ་བཀྲ་ཤིས་སྒྲོལ་མ།,གཞས་པ་མཁྱེན་རྩེ།,གཞས་མ་ནོར་བུ་ཆོས་སྒྲོན།,

Date

10-09-13