༢༠༡༣།༠༨།༢༣ རེས་གཟའ་ཟླ་བ།

Title

༢༠༡༣།༠༨།༢༣ རེས་གཟའ་ཟླ་བ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་ནས་བོད་གཞི་བྱེས་མཉམ་འཛོམས་ཡོང་བའི་དུས་ཅིག་ཏན་ཏན་ཡོང་གི་རེད་དུས་དེའི་བར་ལ་ངའི་མེ་ཚེ་འདང་ངེས་ཡོང་གི་རེད་ཅེས་བཀའ་གནང་འདུག
  • བོད་ཁམས་རྫ་སེར་ཤུལ་དགོན་པར་ཚོགས་པའི་རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོའི་ཐོག་བོད་མི་ནང་ཁུལ་མཐུན་སྒྲིལ་དམ་གཙང་བྱ་རྒྱུ་སོགས་ཀྱི་ཁེ་ལེན་དམ་བཅའ་བཞགས་འདུག
  • ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་པས་བསྡུ་རུབ་གནང་བའི་ཞལ་འདེབས་ཀྱི་མ་དངུལ་ལས་རྒྱ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཙམ་བོད་ནང་ལ་ཆེད་གཏོང་ཐུབ་པ་བྱུང་འདུག
  • རྒྱ་གར་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་Mohan singhལགས་སྐུ་གཤེགས་པར་བོད་མི་ཚོས་མྱ་ངན་རྗེས་དྲན་ཞུས་འདུག
  • རྒྱ་གཞུང་ནས་བྷོ་ཞི་ལིའི་ལ་ཚེ་བཙོན་གྱི་ཁྲིམ་ཐག་བཅད་པར་བྷོ་རང་ཉིད་ནས་ཁྲིམས་བཅད་དེ་དྲང་བདེན་མེད་སྐོར་བརྗོད་འདུག་ལ་གནད་དོན་དབྱི་ཞིབ་པས་ཁྲིམས་བཅད་དེ་ལྐོག་ཟ་རུལ་སྲུང་ཙམ་མ་ཡིན་པར་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གླེང་སློང་ཤུགས་ཆེར་བྱེད་བཞིན་འདུག་

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཚོགས་གཙོ་སྤེན་པ་ཚེ་རིང་།,སྲིད་སྐྱོང་བློ་བཟང་སེང་གེ།,བཀའ་བློན་རྒྱ་རི་སྒྲོལ་མ།,རིན་འཛིན་དོན་གྲུབ།,བློ་བཟང་ཚེ་རིང་།,སྐུ་ཞབས་Mohan singh,བསྟན་འཛིན་ལེགས་བཤད།,

Date

23-09-13