༢༠༡༣།༠༩།༢༦ རེས་གཟའ་ཕུར་བུ།

Title

༢༠༡༣།༠༩།༢༦ རེས་གཟའ་ཕུར་བུ།

Description

  • དཀར་མཛེས་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་འགྱུར་ཡོད་ཀྱང་གློད་གྲོལ་བཏང་མིན་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་གཞུང་ལས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོའི་ཕྱགས་དེབ་ཀྱི་རྩོམ་སྒྲིག་བགྲོ་གླེང་ཐོག་དབུ་བཞུགས་དང་འབྲེལ་ཕྱག་དེབ་དེ་བཞིན་འཛམ་གླིང་སྤྱི་ལ་ཕན་པའི་ཐུགས་རེ་ཡོད་སྐོར་བཀའ་གནང་འདུག
  • དོལ་རྒྱལ་དང་འབྲེལ་བའི་ཐོག་ལ་བཀའ་ཤག་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་སྐོར་གསུངས་གནང་སོང།
  • སྐུ་ཞབས་ Robert Ford ལགས་འདས་པོ་དེའི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་དབྱིན་ཡུལ་བོད་མི་རྣམས་ནས་བསྔོ་སྨོན་ཚོགས་འདུག
  • བོད་དོན་ཞུ་་འབོད་རུ་ཁག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་རྣམས་ལ་བོད་དོན་གླེང་སློང་དགོས་པའི་ཞུ་འབོད་རྒྱ་ཆེ་གནང་འདུག
  • ཨ་རིའི་San Francisco ནང་གི་རྒྱ་རིགས་མི་མང་ཁག་ཅིག་ནས་ཁུལ་དེའི་གྲོང་སྡེའི་ཚོགས་ཁང་སྟེང་རྒྱ་ནག་གི་རྒྱལ་དར་སྒྲེངས་འཛུགས་མི་གནང་བའི་ཞུ་འབོད་གནང་འདུག
  • རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཞིག་གི་ནང་བའི་བོད་ཀྱི་ཉི་མོ་སྲུང་བརྩི་དང་འབྲེལ་དགེ་སློབ་རྣམས་ལ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་བོད་དོན་ངོ་སྤྲོད་ལས་རིམ་རྒྱ་ཆེ་ཞིག་ཚོགས་གནང་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,བློ་གྲོས་དོན་གྲུབ།,རྒྱ་མཚོ་དོན་གྲུབ།,སྐུ་ཞབས་ Robert Ford,ཐུབ་བསྟན་ཡར་འཕེལ།,ཐུབ་བསྟན་བསམ་གྲུབ།,རྡོ་རྗེ་ཚེ་བརྟན།,ཚེ་རིང་ཆོས་འཛོམས།,

Date

26-09-13