༢༠༡༣།༡༠།༡༡ རེས་གཟའ་པ་སངས།

Title

༢༠༡༣།༡༠།༡༡ རེས་གཟའ་པ་སངས།

Description

  • རྒྱ་ནག་གཞུང་གིས་འབྲི་རུ་བོད་མི་རྣམས་ལ་དམ་དྲག་དང་ཉུལ་ཞིབ་བྱེད་ཐབས་ཀྱི་གསང་བའི་བརྡ་ཁྱབ་ཅིག་བཏང་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁྲོད་རྒྱ་གཞུང་གི་བོད་འབྲི་རུ་ནང་དུ་བོད་མི་ཞི་རྒོལ་བའི་སྟེང་མི་མདའ་གང་བྱུང་རྒྱབ་པའི་གནད་དོན་ཐད་འདྲི་རྩད་ནན་པོ་གཏང་དགོས་པའི་འབོད་སྐུལ་ཞུས་འདུག
  • ལྷ་མོ་མཚོ་ལགས་ཀྱིས་ཞུ་འབོད་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་གི་ཡ་ལན་མ་བྱས་པར་ཁོང་གཙོས་པའི་བོད་མི་རྣམས་ལ་གླེང་སློང་ཤུགས་ཆེར་བྱུང་འདུག
  • ཨ་རིའི་གྲོས་ཚོགས་ཀྱི་སྙན་ཐོའི་ནང་རྒྱ་ནག་ནང་འགོ་ཁྲིད་གསར་པ་བསླེབས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་མེད་སྐོར་གསུངས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྒྱ་ཆེན་པོའི་བཀའ་ཆོས་སྩལ་བ་དང་འབྲེལ་ཨ་རིའི་གྲོང་ཁྱེར་Atlantaནང་གི་མཛད་འཆར་མཇུག་སྒྲིལ་གནང་འདུག
  • Spain ཁྲིམས་ཁང་ནས་རྒྱ་ནག་གི་སྲིད་འཛིན་ཟུར་པ་Hu jintao ལ་ཁྲིམས་གཏུག་བྱ་རྒྱུའི་ཐག་གཅོད་བྱུང་འདུག
  • བོད་གཞུང་སྨན་རྩིས་ཁང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་སེམས་ཁམས་འཕྲོད་བསྟེན་སྐོར་གྱི་གསུངས་བཤད་ལས་རིམ་ཞིག་གོ་སྒྲིག་གནང་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,རྒྱལ་མཚན།,ལྷ་མོ་མཚོ།,བསྟན་འཛིན་འཇིགས་གྲལ།,ཐུབ་བསྟན་དབང་ཆེན།,བཀྲ་ཤིས་ཚེ་རིང་།,སྨན་པ་འཇམ་དབྱངས་སྒྲོལ་མ།,

Date

11-10-13