༢༠༡༣།༡༠།༡༥ རེས་གཟའ་མིག་དམར།

Title

༢༠༡༣།༡༠།༡༥ རེས་གཟའ་མིག་དམར།

Description

  • Mexico རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མཆོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་leonནང་ཕེབས་པར་ཆེད་བསྟོད་ཀྱི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨུ་རུ་སུའི་མངའ་སྡེའི་ནང་དྲག་རླུང་གི་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • བོད་མདོ་སྨད་རྫོང་མཚོ་སྔོན་གཅན་ཚ་མཚོ་དུས་སྡེ་བར་རྒྱ་ནག་གི་རྒྱལ་དར་སྒྲེངས་འཛུགས་བྱ་དགོས་པའི་བཙན་བཀའ་བཏང་བར་ས་གནས་མི་མང་གིས་ངོ་རྒོལ་བྱས་འདུག
  • སྐུ་ཞབས་Richard Gere ལགས་ནས་Mexicoགྲོང་ཁྱེར་ནང་བོད་དོན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་འདུག
  • དབྱིན་ཇིའི་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཟབ་རུ་གཏོང་ཆེད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་བསམ་ཤེས་མ་བྱས་པར་གཡོལ་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་བསྟན་འདུག
  • Spainརྒྱལ་ཡོངས་ཁྲིམས་ཁང་ནས་མང་མོས་ཀྱི་རྒྱ་ནག་གི་སྲིད་འཛིན་ཟུར་པ་Hu Jintaoལ་ཁྲིམས་གཏུག་བྱ་རྒྱུ་ཐག་གཅོད་བྱུང་བར་རྒྱ་ནག་གཞུང་ནས་ངོས་ལེན་མེད་པའི་རྣམ་པ་བསྟན་འདུག
  • དམིགས་བསལ་ལས་རིམ། བོད་ཀྱི་གནའ་དེང་ཀྱི་གླུ་གཞས་ལས་རིམ། བོད་གཞུང་ཟློག་གར་ཚོགས་པས་བཏང་གནང་བའི་ཨོ་མ་ཎི་པདྨེ་ཧུྃ།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཚེ་དབང་ཕུན་ཚོགས།,སྐུ་ཞབས་Richard Gere,སྲིད་འཛིན་ཟུར་པ་Hu Jintao,བསོད་ནམས།,ཐུབ་བསྟན་དབང་ཆེན།,

Date

15-10-13