༢༠༡༤།༠༡།༡༠ རེས་གཟའ་པ་སངས།

Title

༢༠༡༤།༠༡།༡༠ རེས་གཟའ་པ་སངས།

Description

  • ༸གོང་ས་མཆོག་ནས་ Bandara ཁུལ་གྱི་རྒྱ་གར་དད་ལྡན་པ་རྣམས་ལ་རིགས་རུས་དབྱེ་འབྱེད་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཀའ་སློབ་བསྩལ་གནང་འདུག
  • ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ཁག་རིང་མིན་གཏན་འབེབས་ཀྱིས་སློབ་གྲ་ཁག་ཏུ་མཁོ་སྤྲོད་གནང་རྒྱུ་རེད་འདུག
  • གསེར་རྟ་བླང་རུང་ལྔ་རིག་ནང་བསྟན་གླིང་དགོན་དུ་མེ་སྐྱོན་ཚབས་ཆེ་ཕོགས་འདུག
  • རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ས་ཁུལ་ནང་སིམ་འཛུལ་བྱས་འདུག
  • རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་རྒྱ་ནག་ནང་ལ་ལག་བསྟར་བྱེད་བཞིན་པའི་སྲིད་ཁྲིམས་ཀྱི་ལས་དོན་ཐད་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
  • ཡོ་རོབ་གྲོས་ཚོགས་ནང་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་བསྐྲུན་གནང་པའི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་རེད་འདུག
  • དམིགས་གསལ་ལས་རིམ། དེ་སྔ་བཞུགས་སྒར་མེག་ལོར་ས་གནས་སུ་གནས་སྡོད་ཁབ་ཚག་གི་ལས་དོན་གཉེར་མཁན་བོད་མི་སྒྱུ་རྩལ་བ་རྟ་འགྲིན་ཚེ་བརྟན་ལགས་སུ་ཁོང་གི་སྒྱུ་རྩལ་ཐད་བཅར་འདྲི་ཞུས་པའི་ཆེད་བསྒྲིགས་ལས་རིམ།

Contributor

༸གོང་ས་མཆོག,ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས།,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་,སྒྱུ་རྩལ་བ་རྟ་འགྲིན་ཚེ་བརྟན་ལགས་,

Date

02-01-14