༢༠༡༣།༡༡།༡༡ རེ་གཟའ་ཟླ་བ།

Title

༢༠༡༣།༡༡།༡༡ རེ་གཟའ་ཟླ་བ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྐྱངས་གནང་མཛད་པ་དང་སྦྲགས་དཔྱད་སྒོམ་གྱི་ལམ་ནས་ནང་ཆོས་ལ་ཉམས་ལེན་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་གནང་སོང་།
  • Reutersགསར་ཁང་གི་རྒྱ་ནག་གསར་འགོད་པར་རྒྱ་གཞུང་ནས་མཐོང་མཆན་མ་སྤྲད་པ་ནི་རྒྱ་གཞུང་གི་དབང་འཛིན་པ་རྒྱལ་སྤྱིའི་གསར་འགོད་པ་ཚོར་དམ་གནོན་གྱི་དབང་ཤུགས་ཡོད་སྐོར་སྐྱོན་བརྗོད་གནང་འདུག
  • སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་གནང་བཞིན་པའི་ཡོ་རོབ་ཁུལ་གྱི་ཕྱོགས་བསྐྱོད་སྤྱི་འཐུས་རྣམས་ནས་Netherlanནང་དུ་བོད་དོན་ཞུ་འབོད་གནང་བཞིན་འདུག
  • བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་ལས་འགུལ་བ་རིན་པོ་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འབྱོར་ཡོད་པའི་སྐོར།
  • རྒྱ་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཁག་གི་སྟེང་ཆུ་མཛོད་མང་པོ་བརྒྱབ་པ་སོགས་ཀྱིས་མི་མང་ས་ཡ་མང་པོའི་འཚོ་གནས་ལ་དཀའ་ངལ་བཟོ་རྒྱུ་མ་ཟད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེར་འགྲོ་རྒྱུ་ཡིན་སྐོར་གསུངས་འདུག
  • བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཡོད་པའི་དཀར་ཆུང་རྡོ་རིང་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ངོ་སྤྲོད།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཚོགས་གཙོ་སྤེན་པ་ཚེ་རིང་།,རིན་པོ་ལགས།,དངོས་གྲུབ་རྡོ་རྗེ།,

Date

11-11-13