༢༠༡༣།༡༡།༢༥ རེས་གཟའ་ཟླ་བ།

Title

༢༠༡༣།༡༡།༢༥ རེས་གཟའ་ཟླ་བ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་Tokyoནང་གི་མང་ཚོགས་ལྔ་སྟོང་བརྒལ་བར་བླང་དོར་བཀའ་སློབ་སྩལ་གནང་དེ་གང་ཉིད་ཀྱི་ཉེ་ཧོང་ནང་གི་མཛད་འཆར་མཇུག་སྒྲིལ་གནང་འདུག
  • བོད་མགོ་ལོག་པདྨ་རྫོང་ནས་བོད་མི་༧འཛིན་བཟུང་བྱས་པ་དང་ནག་ཆུ་འབྲི་རུ་ནས་འཛིན་བཟུང་བྱས་པའི་བོད་མི་གསུམ་མུ་མཐུད་ནས་བཀག་ཉར་འོག་ཡོད་པའི་གནས་ཚུལ།
  • སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཡོད་པ་དང་འབྲེལ་ཁོང་མྱུར་དུ་གློད་གྲོལ་དགོས་པའི་འབོད་སྐུལ་གྱི་བརྙན་འཕྲིན་འོད་སྡེར་ཞིག་འདོན་སྤེལ་གནང་འདུག
  • ལྷ་བབ་དུས་ཆེན་བསྟུན་Spainབོད་ཁང་གི་བཀའ་འགྱུར་ལྷ་ཁང་གསར་བཞེངས་ཀྱི་མཛད་སྒོ་དང་འབྲེལ་བོད་ཀྱི་རྒྱལ་གཅེས་པ་ཚོར་མཆོད་འབུལ་སྨོན་ལམ་ཚོགས་གནང་པའི་སྐོར།
  • སློབ་དཔོན་ཟམ་གདོང་རིན་པོ་ཆེ་གིས་བོད་པའི་སྤྱི་ཚོགས་ནང་གསར་འཕྲིན་རྒྱུན་རིང་པོ་གནས་མི་ཐུབ་པའི་འགག་རྩ་གཙོ་བོ་དེ་ཀློག་པ་པོའི་ཉུང་དྲག་པའི་དཀའ་ངལ་ཡིན་པ་གསུངས་གནང་འདུག
  • བོད་མི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གཙོས་པའི་རང་དབང་སྡེ་ཚན་ཁག་གི་ལས་བྱེད་པ་ཁག་ཅིག་ལ་རོགས་དངུལ་འདུ་འགོད་དང་འབྲེལ་བའི་ཁྲིམས་ལུགས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་འགོ་བཙུགས་གནང་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,བཀྲ་ཤིས་སྟོབས་རྒྱལ།,སྤྲུལ་སྐུ་བསྟན་འཛིན་བདེ་ལེགས།,བསམ་གྲུབ།,མཁན་པོ་བསོད་ནམས་བསྟན་འཕེལ།,ཟམ་གདོང་རིན་པོ་ཆེ།དགེ་བཤེས་ལམ་བཟང་།,བཀའ་བློན་པདྨ་ཆོས་འབྱོར།,

Date

25-11-13