༢༠༡༣།༡༡།༢༧ རེས་གཟའ་ལྷག་པ།

Title

༢༠༡༣།༡༡།༢༧ རེས་གཟའ་ལྷག་པ།

Description

  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནང་ཉིན་ནས་ལྡི་ལི་ནང་གི་མཛད་འཆར་དངོས་སུ་དབུ་འཛུགས་གནང་རྒྱུ་རེད་འདུག
  • དབྱིན་ཇིའི་སྲིད་བློན་མཆོག་རྒྱ་ནག་ནང་དུ་ཕེབས་སྐབས་རྒྱ་ནག་གི་གོ་ཁྲིད་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ཞུ་འབོད་ཀྱི་ཕྱག་བྲིས་ཞིག་ཕུལ་འདུག
  • ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིའི་ནང་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་འདུག
  • སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དགོན་སྡེའི་ཁག་མང་ཆེ་བ་བཀའ་ཤག་གི་ལྟ་གྲུབ་གསུམ་སྒྲུབ་བཞིན་པ་ལྟ་བུ་རེད་ཅེས་གསུངས་གནང་འདུག
  • ཆོས་རིག་ལས་ཁུངས་ནས་སྐབས་དང་པོའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐོབ་མི་འདེམས་སྒྲུབ་གནང་ཆེད་ལྷན་ཚོགས་སྐོང་ཚོགས་གནང་སོང་།
  • བོད་མི་མང་སྤྱི་འཐུས་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱི་སྤྱི་འཐུས་ལས་དུས་ནས་དགོངས་ཞུས་གནང་འདུག
  • དམིགས་བསལ་ལས་རིམ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༥པའི་ནང་ཨ་རིའི་Wisconsinནང་མངའ་སྡེའི་རྒྱལ་ས་Madisonནང་གི་བོད་རིགས་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པར་ཆོས་དང་རིག་གཞུང་གི་ཐོག་ལ་སྩལ་བའི་བཀའ་སློབ་ཀྱི་ཚན་པ།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,བསྟན་པ་ཚེ་རིང་།,སྒྲོལ་མ་སྐྱབས།བསྟན་འཛིན་ཆོས་འཕེལ།,སྲིད་སྐྱོང་བློ་བཟང་སེང་གེ།,བློན་པདྨ་ཆོས་འབྱོར།,ཀི་རྟི་སྒྲོལ་དཀར་ལྷ་མོ།,

Date

27-11-13