༢༠༡༣།༡༢།༠༥ རེས་གཟའ་ཕུར་བུ།

Title

༢༠༡༣།༡༢།༠༥ རེས་གཟའ་ཕུར་བུ།

Description

  • ཁ་ཉིན་རང་བསྲེགས་གནང་མཁན་དཀོན་མཆོག་ཚེ་བརྟན་ལགས་སྨན་ཁང་གི་ལམ་བར་དུ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
  • དཀོན་མཆོག་ཚེ་བརྟན་ལགས་ཀྱི་རང་བསྲེགས་དོན་རྐྱེན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་གཞུང་ལ་ད་ཆ་བོད་མིའི་དཀའ་སྡུག་སེལ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་འདུག
  • ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་ནས་Italyགྲོས་ཚོགས་གོང་མའི་གསན་ཞིབ་ལས་རིམ་ཐོག་བོད་མི་རང་བསྲེགས་ཀྱི་གནད་དོན་མཚོན་པའི་བོད་ནང་དངོས་ཡོད་གནས་སྟངས་ཁག་སྙན་སེང་ཞུས་པ།
  • བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོད་ལ་འགྲོ་འོང་བྱེད་མཁན་བོད་མི་ཚོར་དམ་དྲག་ནན་དུ་གཏོང་ཆེད་ཁུལ་དེའི་ནང་གི་མགྲོན་ཁང་ཁག་ལ་སྒྲིག་གཞི་གསར་པ་ཞིག་བཙུགས་ཡོད་པ་རེད།
  • རྒྱ་ནག་གི་འགོ་ཁྲིད་ཚོས་༸གོང་ས་མཆོག་ལ་བཟང་ཕྱོགས་ནས་གཟིགས་དགོས་པའི་འབོད་སྐུལ་གནང་འདུག
  • དམིགས་བསལ་ལས་རིམ། སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་ཀྱིས་མིག་གྲིབ་ཕྱེ་བའི་ལག་ལེན་སྐོར་ལ་ངོ་སྤྲོད།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,དཔའ་བོ་དཀོན་མཆོག་ཚེ་བརྟན།,ལྷ་མོ་སྐྱབས།,བཀའ་བློན་བདེ་སྐྱིད་ཆོས་དབྱིངས།,ཚེ་བརྟན་བསམ་གྲུབ།,དབུ་དཀར་ཚང་སྐལ་རྡོ།,ནོར་བུ་ཚེ་རིང་།,

Date

05-12-13