Title
༢༠༡༤།༠༢།༠༧ རེས་གཟའ་པ་སངས།
Description
- བོད་མདོ་སྨད་རྨ་ལྷོ་ཁུལ་དུ་བོད་མི་འཕགས་མོ་བསམ་གྲུབ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་འདུག
- སི་པན་རྒྱལ་ཡོངས་ཆེས་མཐོའི་ཁྲིམས་ཁང་ནས་རྒྱ་ནག་དཔོན་རིགས་ཟུར་པ་ལྔ་ཕྲལ་དུ་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བསྐྱར་ནན་བྱས་འདུག
- འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྡོག་རོལ་ཞེས་པའི་གློག་བརྙན་དུས་སྟོན་ཐོག གཏམ་བརྗོད་བཀག་སྡོམ་ཞེས་པའི་གློག་བརྙན་ཐེངས་དང་པོ་དེ་གཟིགས་འབུལ་ཞུས་འདུག
- སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ཀྱི་དུས་སྟོན་མཇུག་སྡོམ་མཛད་སྒོར་བོད་མི་ཚོ་ཞི་བདེར་དགའ་བའི་མི་རིགས་ཞིག་ཡིན་པ་གསུངས་འདུག
- བདེ་ལེགས་སྨན་ཁང་ནས་དུས་བཀག་བརྟག་དཔྱད་ཀྱི་འཕྲོད་བསྟེན་ལས་གཞི་ཞིག་འགོ་བཙུགས་གནང་འདུག
- དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་སྤྱི་ཟུར་བློ་བཟང་དབང་རྒྱལ་ལགས་ཉིན་གྲངས་བཅུ་བདུན་རིང་ཐུགས་དམ་བཞུགས་པའི་རྗེས་ཁ་སང་སྐུ་ཕུང་ཞུགས་འབུལ་གནང་འདུག
Identifier
1021 'B'
Contributor
རྒྱལ་གཅེས་པ་འཕགས་མོ་བསམ་གྲུབ་ལགས།,བསམ་གྲུབ་ལགས།,སྲིད་སྐྱོང་བློ་བཟང་སེང་གེ་མཆོག་,དགེ་བཤེས་སྤྱི་ཟུར་བློ་བཟང་དབང་རྒྱལ་ལགས།,མཁན་པོ་གུ་རུ་རིན་པོ་ཆེ་མཆོག,སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས།,
Date
07-02-14