༢༠༡༣།༡༢།༡༢ རེས་གཟའ་ཕུར་བུ།

Title

༢༠༡༣།༡༢།༡༢ རེས་གཟའ་ཕུར་བུ།

Description


  • ས་གནས་བོད་མི་མང་གིས་ཞུ་གཏུག་ཐེངས་མང་བྱས་པའི་རྐྱེན་གྱིས་ནང་ཆེན་རྫོང་གི་མཁན་པོ་གཉིས་གློད་བཀྲོལ་བཏང་འདུག 
  • རྒྱལ་ཚོགས་ནས་རྒྱ་ནག་ནང་གི་བེུད་ཀྱི་གནས་བབ་ལ་ལྟ་ཞིབ་གནང་བཞིན་པ་དང་བསྟུན་བོད་ནང་གི་བེུད་ཀྱི་གནས་བབ་ལྟ་ཞིབ་ནན་པོ་གནང་སྐྱོང་ཡོང་བའི་ཞུ་འབོད་གནང་འདུག
  • སུད་སི་ཀྱི་ཆབ་སྲིད་མི་སྣ་ཁག་ཅིག་ལ་བོད་དོན་ཞུ་གཏུག་གནང་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ལམ་རིམ་བཀའ་ཁྲིད་ཀྱི་མཚོན་པའི་མཛད་འཆར་ཁག་ཅིག་བསྐྱངས་གཏེན་འཁེལ་འདུག
  • རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ལྦན་ནང་གི་རྒྱ་རིགས་ཚོས་བོད་དོན་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག
  • ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཐོག་སློབ་གཉེར་གནང་དགོས་གལ་མ་ཟད་ནམ་རྒྱུན་ཁྱིམ་ཚང་ནང་བོད་སྐད་སྐྱོན་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན་པར་གསུངས་འདུག
  • Wind Horse རླུང་རྟ་ཞེས་པའི་བཅོས་སྒྲུང་དཔེ་དེབ་ཀྱི་འདོན་སྤེལ་གསུམ་པ་དེ་དེ་རིང་བཞུགས་སྒར་ལ་གནང་སོང་།

Contributor

མཁན་པོ་དཀར་རྩེ།,ངག་དབང་ཐར་པ།,བསྟན་འཛིན་བདེ་སྐྱིད།,བློ་ལྡན་རྣམ་གླིང་།,ཀརྨ་སེང་གེ།,ཟླ་བ་ཚེ་རིང་།,ཀོ་ཤེ་བྷ་བྷལ།,ལྷ་བཟང་ཚེ་རིང་།,

Date

12-12-13