༢༠༡༣།༡༢།༢༧ རེས་གཟའ་པ་སངས།

Title

༢༠༡༣།༡༢།༢༧ རེས་གཟའ་པ་སངས།

Description

  • དགའ་ལྡན་ལྔ་མཆོད་ཀྱི་དུས་ཚིགས་ཁྱད་པར་བསྟུན་༧གོང་ས་མཆོག་ནས་རྗེ་རིན་པོ་ཆེ་ཡི་རྗེས་དྲན་ཞུ་རྒྱུ་ཡག་ཤོས་དེ་ནི་ཁོང་གི་རྣམ་ཐར་གྱི་རྗེས་སུ་འཇུག་རྒྱུ་དེ་ཡིན་སྐོར་བཀའ་སྩལད་འདུག
  • མཁན་པོ་དཀར་ཚེ་ལགས་ཀློད་གྲོལ་དགོས་པའི་ཞུ་འབོད་བྱེད་མཁན་གྱི་བོད་མི་བཅུ་དྲུག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག 
  • བོད་མདོ་སྨད་ཅོ་སྣེ་ནས་ཡིན་པའི་ཆབ་སྲིད་བཙོན་པ་རིན་ཆེན་ཚེ་རིང་ལགས་བཙོལ་གྲོལ་ཐོབ་འདུག
  • རྒྱ་གར་གྱི་སྲིད་དོན་མི་སྣ་དང་ཁྲིམས་རྩོད་པ་སོགས་ཀྱིས་Spainགཞུང་ལ་བོད་དོན་ཐག་གཅོད་ཐོག་ཁྲིམས་ལུགས་རང་དབང་དགོས་པའི་རེ་འབོད་སྟོན་གནང་འདུག 
  • ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་རང་ལུས་མེར་སྲེག་གནང་མཁན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གཙོས་པའི་རྒྱལ་གཅེས་པ་ཡོངས་ལ་མཆོད་འབུལ་སྨོན་ལམ་ཚོགས་པའི་སྐོར།
  • ལས་ཀའི་ཐོབ་ཐང་ལ་མི་རིགས་དབྱེ་འབྱེད་བྱས་པའི་རྐྱེན་ཁྲིམས་གཏུག་བྱེད་མཁན་བོད་རིགས་ཁག་ཅིག་ལ་གུན་གསབ་ཨ་སྒོར་འབུམ་གསུམ་ལྷག་ཐོབ་འདུག 
  • སློབ་ཕྲུག་རྣམ་ལ་འགོ་འཁྲིད་སྐྱེད་བསྲིངས་བྱ་ཆེད་ཀྱི་ཟབ་སྦྱོང་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མང་གཙོའི་འཕེལ་རིམ་སྐོར་ལ་གསུངས་བཤད་གནང་འདུག
  • Australia དང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་གཉིས་འཕོ་འགྱུར་བྱུང་འདུག
  • སྒྱུ་རྩལ་བ་རྟ་མགྲིན་རྡོ་རྗེ་ལགས་སུ་བཅར་འདྲི།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,མཁན་པོ་དཀར་ཚེ།,ཆབ་སྲིད་བཙོན་པ་རིན་ཆེན་ཚེ་རིང་།,རྒྱལ་གཅེས་པ་གྲྭ་ཚུལ་ཁྲིམས་རྒྱ་མཚོ།,ཉི་མ་ལྷ་མོ།,ཚོགས་གཙོ་སྤེན་པ་ཚེ་རིང་།,སྲིད་སྐྱོང་བློ་བཟང་སེང་གེ།,

Date

27-12-13