༢༠༡༤།༠༣།༡༨ རེས་གཟའ་མིག་དམར།

Title

༢༠༡༤།༠༣།༡༨ རེས་གཟའ་མིག་དམར།

Description

  • ༸གོང་ས་མཆོག་ནས་ཇོ་ནང་དགོན་པར་གནས་གཟིགས་དང་སིམ་ལའི་མང་ཚོགས་ལ་ཆོས་འབྲེལ་མཛད་འདུག
  • ཁམས་སོག་རྫོང་གི་བོད་མི་ཁག་ཅིག་དང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཞིག་བཅས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག
  • ༸གོང་ས་སྐྱབས་མགོན་ཆེན་མཆོག་ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐོག་རྒྱ་ནག་གཞུང་ངོས་ཞིབ་རྩད་ནན་པོ་བྱེད་དགོས་པའི་བཀའ་གནང་འདུག
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཙོ་འཛིན་མཆོག་བོད་ནང་ཆེད་སྐྱོད་ཐུབ་རྒྱུའི་དོན་ཚན་མ་གཏོགས་གཞན་བསྐྱར་ཞིབ་ཀྱི་དོན་ཚན་ཁག་ཁེ་ལན་བྱས་མིན་འདུག
  • སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་བཞུགས་ཐོག་སམ་བྷོ་ཊ་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་གནང་འདུག

Identifier

1041 'A'

Contributor

༸གོང་ས་སྐྱབས་མགོན་ཆེན་མཆོག་,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,མཁན་པོ་ཀུན་དགའ་རིན་ཆེན་མཆོག,གྲྭ་བློ་བཟང་དར་རྒྱས་ལགས།,གྲྭ་ལུང་རྟོགས་རྒྱལ་མཚན་ལགས།,ངག་དབང་ཐར་པ་ལགས།,

Date

18-03-14