༢༠༡༥།༠༡།༢༢ རེས་གཟའ་ཕུར་བུ།

Title

༢༠༡༥།༠༡།༢༢ རེས་གཟའ་ཕུར་བུ།

Description

  • རྒྱ་གཞུང་གིས་ཤེས་ཡོན་ལམ་ལུགས་ལ་ཡར་རྒྱས་མ་བཏང་བར་དུ་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ཉེན་ཁའི་རང་བཞིན་དུ་ལྷུང་རྒྱུ་ཡིན་པ་གསུངས་འདུག
  • ཨ་རིའི་རྩོམ་པ་པོ་ཞིག་ནས་རྒྱ་གཞུང་གིས་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ཞིག་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གསུངས་འདུག
  • ཡི་ཤུའི་བླ་ཆེན་པོབ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་སྲིད་སྐོར་བཀའ་གནང་བར་རྒྱ་གཞུང་གིས་ལན་འདེབས་བྱས་འདུག
  • བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་མི་སུད་ཚོང་གཉེར་ཡུལ་ས་གནས་བརྒྱ་ཙམ་དུ་སྐོར་བསྐྱོད་གནང་འདུག 
  • Oscar གློག་བརྙན་བྱ་དགའ་འབུལ་ཡུལ་གྱི་འོས་གཞིའི་ཁོངས་མཆོད་མེ་ཞེས་པའི་བོད་དོན་གློག་བརྙན་དེ་ཚུད་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཅེས་པའི་དམིགས་བསལ་ལེ་ཚན་ནང་ མགོན་པོ་༸གང་ཉིད་མཆོག་ནས་ལ་དྭགས་མཚན་ཉིད་སློབ་གྲྭར་བསྩལ་བའི་བཀའ་སློབ་སྔོན་མའི་འཕྲོས་བཅས།
  • འཕྲོད་བསྟེན་གྱི་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་རིམས་སྲུང་རིལ་བུའི་སྐོར་དབུས་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྨན་པ་བསྟན་འཛིན་མཐའ་ཡས་ལགས་སུ་བཅའ་འདྲི་ཞུས་པ་བཅས།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཡི་ཤུའི་བླ་ཆེན་པོབ།,བཀྲ་ཤིས་ལམ་བཟང་།,སྨན་པ་བསྟན་འཛིན་མཐའ་ཡས།,

Date

22-01-15