༢༠༡༥།༠༢།༢༥ རེས་གཟའ་ལྷག་པ།

Title

༢༠༡༥།༠༢།༢༥ རེས་གཟའ་ལྷག་པ།

Description

  • ཕྱི་དྲིལ་བཀའ་བློན་མཆོག་ནས་ཇི་ནི་ཝའི་ལྷན་ཚོགས་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
  • སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ནང་པའི་ལྷན་ཚོགས་སུ་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འདུག
  • རེབ་གོང་རྫོང་དུ་བོད་རང་བཙན་དང་འབྲེལ་བའི་ཁྲིམས་རྒལ་གྱི་བྱ་སྤྱོད་ཉི་ཤུ་ཞེས་པའི་ཡིག་ཆ་འགྲེམས་སྤེལ། 
  • ཇར་མ་ནི་བོད་ཁང་ནང་དྲན་པ་ཞེས་པའི་དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བཞིན་འདུག
  • དྲན་གསོ་གློག་བརྙན་གྱི་མ་དངུལ་ལྷག་མ་བློ་སྒྲིག་འཛུགས་ཀྱི་བོད་མི་རྒན་རབས་པ་ཚོར་ཞལ་འདེབས་གནང་འདུག
  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་ལེ་ཚན་ནང་མགོན་པོ་གང་ཉིད་ཀྱིས་སྔ་ལོའི་ཕྱི་ཟླ་༡༡ ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུལ་གྱི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ་བཅས།

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,བདེ་སྐྱིད་ཆོས་དབྱངས།,ཚོགས་གཙོ་སྤེན་པ་ཚེ་རིང་།,ཕུན་ཚོགས་ཚེ་རིང་།,བསམ་ཆུང་།,ངག་དབང་བསོད་ནམས།,

Date

25-02-15