༢༠༡༤།༠༤།༢༤ རེས་གཟའ་ཕུར་བུ།

Title

༢༠༡༤།༠༤།༢༤ རེས་གཟའ་ཕུར་བུ།

Description

  • བོད་ཁམས་སྒ་རྐྱེ་རྒུ་མདོར་རྒྱ་གཞུང་གིས་བོད་མིའི་བཟོ་གྲྭ་གཏོར་བཤིགས་དང་མི་མང་ལ་དྲག་གནོན་བྱས་འདུག
  • རྒྱལ་གཅེས་པ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རང་བསྲེགས་གནང་དགོས་དོན་དེ་བོད་མིའི་གནས་སྟངས་ཆེས་ཞན་པའི་དབང་གིས་ཡིན་སྐོར་རྒྱ་གཞུང་ལ་ལན་འདེབས་བྱས་འདུག
  • འཛམ་གླིང་ཕ་སྐད་ཉིན་མོར་བོད་ནང་རྒྱ་གཞུང་གིས་ཕ་སྐད་སྲུང་བརྩིའི་བྱེད་སྒོར་བཀག་འགོག་བྱས་འདུག
  • བོད་བསྟན་སྲིད་ཀྱི་འདོད་དོན་སྒྲུབ་ཆེད་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་སྨོན་ལམ་ཚོགས་གནང་འདུག
  • ༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥ར་ཕེབས་པའི་གཞུང་འབྲེལ་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ལྷན་ཞུགས་གནང་རྒྱུ་རེད་འདུག
  • རྒྱ་ནག་གི་གནོན་ཤུགས་འོག་བལ་པོའི་གཞུང་ནས་བལ་ཡུལ་བོད་མིར་སྟངས་འཛིན་ནན་པོ་བྱེད་བཞིན་པ་ནི་བལ་ཡུལ་གྱི་ངོ་གནོང་དགོས་པའི་སྤྱོད་ཚུལ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག
  • གོ་ལའི་ཚ་དྲོད་རྐྱེན་པས་ཇོ་མོ་གླང་མའི་འཁྱག་རོམ་གྱི་བཞུར་ཚད་མྱུར་དུ་ཕྱིན་ཡོད་སྐོར་གསལ་སྟོན་གནང་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་ནས་ཆབ་རྟགས་ཀྱི་ནད་གཞི་ངོས་འཛིན་བྱེད་ཕྱོགས་སྐོར་སྐུའི་བླ་སྨན་པ་ཟུར་པ་ཨེམ་ཆི་ཡི་ཤེས་དོན་ལྡན་ལགས་སུ་བཅར་འདྲི་ཞུས་པའི་ལས་རིམ།

Identifier

1059 'B'

Contributor

འབྲེལ་མཐུད་པ་ཉི་མ་ལགས།,རྒྱལ་གཅེས་པ་འཕྲིན་ལས་རྣམ་རྒྱལ་ལགས་,སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག,སྐུའི་བླ་སྨན་པ་ཟུར་པ་ཨེམ་ཆི་ཡི་ཤེས་དོན་ལྡན་ལགས་,

Date

24-04-14