༢༠༡༤།༠༥།༡༣ རེས་གཟའ་མིག་དམར།

Title

༢༠༡༤།༠༥།༡༣ རེས་གཟའ་མིག་དམར།

Description

  • ༸གོང་ས་མཆོག་གི་ཁ་སང་ Neitherland ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་རིགས་ཚོར་བསྩལ་བའི་བཀའ་སློབ་ནང་རྒྱ་ནག་ཁ་བྲལ་གཏོང་མཁན་ངོ་མ་ནི་རྒྱ་གཞུང་རང་ཉིད་ཀྱིས་འཛིན་པའི་སྲིད་བྱུས་དེ་རེད་ཅེས་བཀའ་གནང་འདུག
  • Netherland གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་༸གོང་ས་མཆོག་ཆེན་པོ་མཆོག་མཇལ་ཁ་ཞུས་གནང་བའི་སྐོར།
  • བོད་ཆབ་མདོ་ལྷ་ཐོག་ཏུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་གནང་མཁན་བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ།
  • རྒྱལ་ཚོགས་ནང་རྒྱ་ནག་གི་བསྐྱར་ཞིབ་སྐབས་རྒྱལ་ཚོགས་འཐུས་མི་ཞིག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་ཁག་བོད་ནང་དུ་ལག་བསྟར་ངེས་པར་དུ་བྱེད་དགོས་པའི་རེ་འདུན་སྟོན་འདུག

Identifier

1069 'A'

Contributor

༸གོང་ས་མཆོག་,སྐུ་ཚབ་དོན་གཅོད་དངོས་གྲུབ་ལགས།,

Date

13-05-14