༢༠༡༤།༠༦།༠༥ རེས་གཟའ་ཕུར་བུ།

Title

༢༠༡༤།༠༦།༠༥ རེས་གཟའ་ཕུར་བུ།

Description

  • སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་།
  • འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་གྱི་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་བཏང་འདུག
  • ཅེག་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་གསུངས་འདུག
  • ལི་ཐང་སེར་སྐྱ་མང་ཚོགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཆེད་ཞབས་རིམ་གསོག་སྒྲུབ་བྱ་རྒྱུ་དེ་རྒྱ་གཞུང་གིས་བཙན་བཀག་བྱས་འདུག
  • བཙན་བྱོལ་བོད་མི་རྣམས་ནས་པེ་ཅིང་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༥འཁོར་བའི་རྗེས་དྲན་སྲུང་བརྩི་ཞུས་གནང་འདུག
  • དུས་འཁོར་དབང་ཆེན་གོ་བསྒྲིགས་ཚོགས་ཆུང་ནས་ཆོས་ཞུ་བ་རྣམས་ལ་རིན་མེད་སྡོད་གནས་གོ་བསྒྲིགས་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་སོང་།
  • འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁ་སང་ནས་བཟུང་དོནགྲུབ་གླིང་གཞིས་སྒར་དུ་འགོ་འཛུགས་གནང་འདུག

Identifier

1080 'B'

Contributor

སྲིད་སྐྱོང་མཆོག་,གློག་བརྙན་བཟོ་སྐྲུན་བ་དོན་གྲུབ་དབང་ཆེན་ལགས།,རྒྱ་མཚོ་ལགས།,ཁམས་ལི་ཐང་ནས་ལྷོ་ཁ་ལགས།,སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས།,

Date

05-06-14