༢༠༡༤།༠༦།༡༣ རེས་གཟའ་པ་སངས།

Title

༢༠༡༤།༠༦།༡༣ རེས་གཟའ་པ་སངས།

Description

  • ༸གོང་ས་མཆོག་གིས་གསར་འགོད་རྣམས་ནས་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་བསྩལ་འདུག
  • ཨ་རིས་རྒྱ་མི་རིགས་ལ་འགྲོ་སྡོད་ཀྱི་རང་དབང་སྤྲད་པ་བཞིན་རྒྱ་ནག་གི་ངོས་ན་ཀྱང་ཨ་རི་བ་ཚོར་བོད་ནང་རང་དབང་ངང་འགྲོ་བསྐྱོད་བཅུག་དགོས་པའི་ཁྲིམས་འཆར་ཞིག་སྟོན་འདུག
  • རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་རྒྱ་འབྲེལ་མོལ་གྱི་རྣམ་པ་མཚོན་པའི་ལས་འགུལ་འདྲ་མིན་སྤེལ་དེ་ བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག
  • ལི་ཝན་མཆོག་དབྱིན་ཡུལ་ནང་དུ་སླེབས་ལ་ཉེ་བ་དང་བསྟུན་དབྱིན་ཡུལ་སྲིད་བློན་མཆོག་ལ་རྒྱ་ནག་ལྷན་དུ་བོད་དོན་གླེང་སློང་དགོས་པའི་ཞུ་གཏུགས་གནང་འདུག
  • ཕྱི་དྲིལ་དྲུང་ཆེ་མཆོག་ནས།་རྒྱ་གར་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་ལ་དབུ་མའི་ལམ་སྐོར་ངོ་སྤྲོད་གསུངས་བཤད་གནང་བ།
  • རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་ཚོས་ཚེས་བཅོ་ལྔའི་དུས་དྲན་སྲུང་བརྩིའི་ཆེད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཏམ་བརྗོད་རུ་ཁག་སྐོར་ལ་ཚོགས་པ་དེའི་འགན་འཛིན་ལྷག་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་བཅས།

Identifier

1084 'B'

Contributor

༸གོང་ས་མཆོག་,བསྟན་འཛིན་སྙིང་པོ་ལགས།,ཕྱི་དྲིལ་དྲུང་ཆེ་མཆོག་,འགན་འཛིན་ལྷག་པ་ཚེ་རིང་ལགས་,

Date

13-06-14