༢༠༡༤།༠༦།༡༩ རེས་གཟའ་ཕུར་བུ།

Title

༢༠༡༤།༠༦།༡༩ རེས་གཟའ་ཕུར་བུ།

Description

  • མཚོ་སྔོན་སེར་ཆེན་རྫོང་ཁུལ་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་མཁན་བོད་མི་༢༧ འཛིན་བཟུང་བྱས་འདུག
  • ཨ་རིའི་ཁུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་རྣམས་ལ་རྒྱ་ནག་གཞུང་གི་ Confucius ལྟེ་གནས་ཁང་དང་ལྷན་དུ་མཉམ་ལས་མཚམས་འཇོག་དགོས་པའི་ཞུ་འབོད་གནང་འདུག
  • ཁེ་ན་ཊ་འི་རྒྱ་ནག་གཞུང་ཚབ་མདུན་དུ་མཁན་པོ་དཀར་ཚེ་ལགས་གློད་གྲོལ་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག
  • བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམས་ལ་ཕྱི་ནང་གི་བོད་མི་ཡོངས་ལ་དོལ་རྒྱལ་བསྟན་ན་བོད་ཀྱི་བསྟན་སྲིད་ལ་གནོད་ཀྱི་ཡོད་པ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག
  • རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་རང་དབང་ཆེས་ཞན་དུ་ཕྱིན་པ་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་འདུག
  • རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་༸གོང་ས་མཆོག་གི་གི་སྐུ་པར་རྨས་མ་ཞིག་བཟོ་བཀོད་བརྒྱུད་མནར་གཅོད་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་འདུག
  • ཨ་རིའི་གྲོས་ཚོག་འཐུས་མི་ཞིག་ནས་སྲིད་འཛིན་Obamaམཆོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་སྣང་དེ་ཙམ་གནང་གི་མེད་པའི་སྐྱོན་བརྗོད་བྱས་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་ནས་ཆབ་རྟགས་ཀྱི་ནད་གཞི་ངོས་འཛིན་བྱེད་ཕྱོགས་སྐོར་སྐུའི་བླ་སྨན་པ་ཟུར་པ་ཨེམ་ཆི་ཡི་ཤེས་དོན་ལྡན་ལགས་སུ་བཅའ་འདྲི་ཞུས་པའི་ལས་རིམ།

Identifier

1087 'B'

Contributor

མཁན་པོ་དཀར་ཚེ་ལགས་,Obama,སྐུའི་བླ་སྨན་པ་ཟུར་པ་ཨེམ་ཆི་ཡི་ཤེས་དོན་ལྡན་ལགས་,

Date

19-06-14