༢༠༡༤།༠༦།༢༠ རེས་གཟའ་པ་སངས།

Title

༢༠༡༤།༠༦།༢༠ རེས་གཟའ་པ་སངས།

Description

  • རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་དང་བྷུ་རྡ་ལགས་གཉིས་གློད་གྲོལ་བཏང་འདུག
  • ཕྱི་ཕྱོགས་ལ་གནས་ཚུལ་ཕྱིར་གྱར་བྱེད་པའི་དོགས་གཞིའི་འོག་ལྷ་སར་གནས་སྡོད་བྱེད་བཞིན་པ་ཚ་བ་མཛོ་སྒང་གི་ཡུལ་མི་ཁག་ཅིག་ལ་དྲི་རྩད་དང་བཅར་བརྡུངས་བཏང་འདུག
  • ཕ་མས་ཕྲུ་གུའི་ཤེས་ཡོན་ཆེད་དུ་གྲོང་ཁྱེར་དང་ཕྱི་རྒྱལ་སོགས་ལ་གཞི་སྤོས་བྱས་པའི་རྐྱེན་བོད་རིགས་མི་བརྒྱུད་ཀྱི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་གསུངས་འདུག
  • ཀླུ་ཆུའི་བོད་མི་གཅིག་གིས་ཤིང་རྟ་འཁོར་ལོའི་ནང་རང་གི་གི་ཨ་མ་དྲུད་ནས་ཁོ་མོའི་གནས་མཇལ་གྱི་རྨི་ལམ་འགྲུབ་བཞིན་པ་རེད་འདུག
  • རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན་བོད་མིའི་སྐུ་ཚབ་ཁག་ཅིག་ནས་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ཞུ་འབོད་གཏམ་གླེང་གནང་འདུག
  • བུད་མེད་ལ་བརྙས་བཅོས་འགོག་ཐབས་ཀྱི་ནུས་ཤུགས་གོང་འཕེལ་གཏོང་རྒྱུའི་ཟབ་སྦྱོང་ཞིག་གནང་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་ལེ་ཚན་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཏམ་བརྗོད་རུ་ཁག་སྐོར་ལ་ཚོགས་པ་དེ་གའི་ངེས་སྟོན་པ་ལྷག་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་བཅས།

Identifier

1088 'A'

Contributor

རྩོམ་པ་པོ་འཇང་རྩེ་དོན་ཁོ་ལགས་,རྩོམ་པ་པོ་བྷུ་རྡ་ལགས་,གྲྭ་མགོ་ལོག་འཇིགས་མེད་ལགས།,སྐུ་ཞབས་ཡེ་ཤེས་ལགས།,འཇམ་དབྱངས་ཚུལ་ཁྲིམས་ལགས།,ངེས་སྟོན་པ་ལྷག་པ་ཚེ་རིང་ལགས།,

Date

20-06-14