༢༠༡༤།༠༦།༢༡ རེས་གཟའ་སྤེན་པ།

Title

༢༠༡༤།༠༦།༢༡ རེས་གཟའ་སྤེན་པ།

Description

  • རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚན་པས་བལ་ཡུལ་བརྒྱུད་རྒྱ་གར་དུ་བསྐྱོད་མཁན་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་གང་ལེགས་སྐྲུན་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་འདུག
  • བོད་མདོ་སྨད་བྱ་ཁྱུང་དགོན་པ་གཙོ་བོར་འགྱུར་བའི་ཁུལ་དེའི་དགོན་པ་ཉི་ཤུ་རྩ་གྲངས་ནང་དགོན་པའི་འགན་འཛིན་གཙོ་བོ་དེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་བསྐོ་བཞག་དང་དགོན་པ་ཁག་ལ་དམ་དྲག་བྱེད་འགོ་བཙུགས་འདུག
  • ཀྲུ་བྷའེ་ཅུན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འཁྱོག་བཤད་ཀྱིས་ཁུལ་དེའི་རྒྱ་རིགས་མང་ཚོགས་ལ་གནས་ཚུལ་ལོག་འགྲེལ་བྱེད་ཀྱི་ཡོད་པ་གསུངས་འདུག
  • རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དབར་གཉེན་སྒྲིག་ཀྱི་ལམ་ནས་མི་རིགས་ཆིག་སྒྲིལ་བྱ་རྒྱུའི་སྲིད་བྱུས་གསར་པ་དེས་བོད་མི་རིགས་གི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱ་ཡིན་སྐོར་གསུངས་འདུག
  • བོད་རིགས་འདྲེས་མའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག
  • བཞུགས་སྒར་དུ་རྒྱ་གར་སློབ་མ་དང་བོད་ཕྲུག་ཕན་ཚུན་དབར་ལ་བོད་དོན་དང་འབྲེལ་བའི་རྩོམ་རིགས་སྒེར་འདོན་གྱི་འགྲན་བསྡུར་ལས་རིམ་ཞིག་ཚོགས་གནང་འདུག

Identifier

1088 'B'

Contributor

ཀྲུ་བྷའེ་ཅུན་,འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས།,ཚོགས་གཞོན་འཆི་མེད་གཡུང་དྲུང་ལགས།,

Date

21-06-14