༢༠༡༤།༠༦།༢༣ རེས་གཟའ་ཟླ་བ།

Title

༢༠༡༤།༠༦།༢༣ རེས་གཟའ་ཟླ་བ།

Description

  • འཕྲོད་བསྟེན་བཀའ་བློན་མཆོག་དབུ་བཞུགས་ཐོག་རྒྱལ་བཞུགས་སྒར་དུ་རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་སོང་།
  • རྩོམ་པ་པོ་དོན་ཁོ་ལགས་དང་བྷུ་དྷ་ལགས་གཉིས་བཙོན་གྲོལ་ཐོབ་པའི་དགའ་བསུའི་མཛད་རིམ་བརྒྱུད་བོད་ནང་གི་སྒྱུ་སྩལ་བ་རྣམས་ལ་ཆེ་བསྟོད་ཞུས་གནང་འདུག
  • ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཟང་དཀར་དཔལ་འདུམ་གྱི་མང་ཚོགས་ལ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་གནང་འདུག
  • ཕྱི་ཟླ་བཅུ་གཅིག་གི་ནང་༸གོང་ས་མཆོག་ནས་རྒྱ་རིགས་དད་ལྡན་པ་ཚོར་དམིགས་བསལ་བཀའ་ཆོས་བསྐྱངས་གནང་རྒྱུ་རེད་འདུག
  • ཨ་རིའི་ནང་ཕྱི་མི་གཞིས་ཆགས་ཀྱི་ལོ་འཁོར་རིག་གཞུང་དུས་སྟོན་རུ་སྒྲིག་ནང་བོད་མི་ཚོས་མཉམ་བཞུགས་གནང་འདུག
  • ཨ་རིའི་Perl Jam Rock Band ཞེས་པའི་རོལ་དབྱངས་རུ་ཁག་ནས། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་འདུག
  • དམིགས་བསལ་ལས་རིམ། བཞུགས་སྒར་སཱ་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་རྒན་སྟོབས་ལགས་ནས་བོད་ཀྱི་རྒྱལ་རབ་མཐའ་མ་གླང་དར་གྱི་སྲས་ཡུམ་བརྟན་དང་འོད་སྲུང་སྐོར་ངོ་སྤྲོད་གནང་བ་སྔོན་མའི་འཕྲོས་བཅས།

Identifier

1089 'B'

Contributor

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་,འཕྲོད་བསྟེན་བཀའ་བློན་མཆོག་,རྩོམ་པ་པོ་དོན་ཁོ་ལགས་དང་བྷུ་དྷ་ལགས་,ལོ་རྒྱུས་རྒན་སྟོབས་ལགས་,

Date

23-06-14