༢༠༡༤།༠༧།༠༢ རེས་གཟའ་ལྷག་པ།

Title

༢༠༡༤།༠༧།༠༢ རེས་གཟའ་ལྷག་པ།

Description

  • ཁམས་བདེ་ཆེན་རྫོང་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ས་གནས་བོད་མིས་ངོ་རྒོལ་བྱས་པར་རྒྱ་གཞུང་ཉེན་རྟོགས་པས་བཅར་བརྡུངས་དྲག་པོ་བཏང་བ་དང་བོད་མི་ཁ་ཤས་འཛིན་བཟུང་བྱས་འདུག
  • ༸གོང་ས་མཆོག་གི་སྐུ་པར་འཁོད་པའི་སྦྲགས་རྟགས་གསར་བཟོ་བརྒྱུད་གང་ཉིད་ཀྱི་ཞི་བདེ་ཁྱབ་སྤེལ་གྱི་མཛད་འཁུར་ལ་ཆེ་བསྟོད་རྒྱབ་སྐྱོར་ཞུ་རྒྱུ་རེད་འདུག །
  • དེ་རིང་༸གོང་ས་མཆོག་གིས་བོད་ལུག་འཁྲུངས་སྐར་ཉིན་མོ་དང་བསྟུན་ལ་དྭགས་བོད་མི་རྣམས་ནས་བསང་གསོལ་དང་ཞབས་རིམ་སྒྲུབ་གནང་འདུག
  • ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་བོད་མི་གཅིག་པུ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ཐུགས་འཁུར་བཞེས་དགོས་པའི་གནད་དོན་ཞིག་ཡིན་སྐོར་བཀའ་བསྩལ་གནང་འདུག
  • ཧོང་ཀོང་གི་མང་གཙོའི་ལམ་ལུགས་ལ་རྒྱ་གཞུང་གིས་ཐེ་ཇུས་མི་དགོས་པའི་གཞི་རྒྱ་ཆེ་བའི་མི་མང་ལས་འགུལ་ཞིག་སྤེལ་འདུག
  • བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་བདེ་སྲུང་ལས་ཁུངས་གཉིས་ཀྱི་དྲུང་ཆེ་གསར་པ་རྣམས་ནས་ལས་འགུལ་དབུ་འཛུགས་གནང་འདུག
  • དམིགས་གསལ་ལས་རིམ། ༸གོང་ས་མཆོག་གིས་འདི་ལོའི་ལོ་འགོར་ཤི་ལོང་བོད་མི་རྣམས་ལ་བསྩལ་བའི་བཀའ་སློབ།

Identifier

1094 'A'

Contributor

༸གོང་ས་མཆོག,སྐུ་ཞབས་མཁས་གྲུབ་ལགས།,༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་,དོན་གྲུབ་བཀྲིས་ལགས།,དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས།,

Date

02-07-14