Title
༢༠༡༤།༠༧།༡༧ རེས་གཟའ་ཕུར་བུ།
Description
- ཨ་རི་བ་ཚོ་བཀག་སྡོམ་མེད་པའི་ཐོག་ནས་བོད་ནང་བསྐྱོད་འཇུག་དགོས་པའི་རེ་འདུན་བསྟོན་གནང་འདུག
- ༸གོང་ས་མཆོག་ལ་དྭགས་ཁུལ་དུ་ཟླ་བ་གཅིག་ཙམ་རིང་གི་མཛད་འཆར་ཁག་ལེགས་སྒྲུབ་ཀྱིས་དེ་རིང་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འདུག
- བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་འཚམས་འདྲིའི་མཇལ་འཕྲད་གནང་བཞིན་འདུག
- འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སྲུང་སྐྱོབ་གདོང་ལེན་གནང་ཆེད་མི་མང་གཅིག་གྱུར་གྱིས་དྲྭ་རྒྱའི་གླེང་སྟེགས་གསར་པ་ཞིག་བཟོས་འདུག
- རྒྱ་རིག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་Hujia ལགས་པེ་ཅིང་ནང་དུ་ཉེས་བརྡུངས་བཏང་བའི་སྐོར་དང་།
- དེ་བཞིན་ཁུལ་དེའི་མི་མང་ཁག་ཅིག་ནས་སོ་སོའི་ས་ཆའི་གུན་གསབ་རྩོད་ལེན་ཆེད་རང་སྲོག་བཅད་པའི་གནས་ཚུལ།
- འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་བོད་མིའི་སྤྱི་ཚོགས་ནང་དུ་མྱོས་རྫས་ངན་གོམས་ཀྱི་་དཀའ་ངལ་སྐོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་ནས་ངོ་སྤྲོད་གནང་བ་བཅས།
Identifier
1101 'B'
Contributor
༸གོང་ས་མཆོག,འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་Hujia ལགས་,འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་,
Date
17-07-14