Title
༢༠༡༤།༠༧།༡༩ རེས་གཟའ་སྤེན་པ།
Description
- བོད་རྒྱའི་གནད་དོན་སེལ་ཐབས་དང་འབྲེལ་བའི་བོད་དོན་སྐོར་རྒྱ་རིགས་མི་མང་ལ་རྒྱ་ཁྱབ་གནང་ཐབས་ཆེད་གོ་བསྡུར་ལྷན་ཚོགས་ཤིིག་ཚོགས་འདུག
- རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་སྲོག་ཉེན་ཡོད་པ་གསལ་སྟོན་དང་སྦྲགས་ ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཆེད་ཛ་དྲག་ཡིན་པ་ཐེར་བཏོན་གནང་འདུག
- བོད་མདོ་སྨད་རྔ་བ་རྫོང་དུ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དམག་ཤུགས་འཇིགས་སྐུལ་བྱེད་བཞིན་འདུག
- ཐེ་བོ་རྫོང་རྡོ་ར་གྲོང་རྡལ་རི་ངོས་སྡེ་བར་མི་སྐྱོན་ཚབས་ཆེན་ཞིག་ཕོག་སྟེ་མི་རྒྱུ་ཟོག་གསུམ་ལ་གྱོང་གུན་ཆེན་པོ་ཕོགས་འདུག
- སྐུའི་གྱ་སྟོན་རྟེན་འབྲེལ་དང་བསྟུན་བོད་དང་རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་བཅུ་གཉིས་ཐོན་པའི་ཉམས་ཐག་སློབ་མ་ཁག་ཅིག་ལ་མཐོ་སློབ་ཀྱི་སློབ་ཡོན་ཕུལ་རྒྱུའི་་གསལ་སྒྲགས་སྤེལ་འདུག
- ཕྱིའི་ཤེས་ལྡན་མི་སྣ་དང་དེ་དག་གི་དེབ་རྣམས་རྒྱ་ནག་ནང་དམ་དྲག་བྱེད་པ་ནི་རྒྱ་ནག་རང་ལ་གྱོང་གུན་བཏང་བའི་སྲིད་བྱུས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག
- དམིགས་གསལ་ལས་རིམ། ༸གོང་ས་མཆོག་ནས་འདི་ལོ་ཕྱི་ཟླ་༤ པའི་ནང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨན་བླའི་རྗེས་སྣང་བསྩལ་སྐབས་ཐོག་མར་ནང་ཆོས་ངོ་སྤྲོད་གནང་བ་ཞིག་བཅས།
Identifier
1102 'B'
Contributor
༸གོང་ས་མཆོག་,སྐུ་ཞབས་བརྩོན་འགྲུས་ལགས།,ཚོགས་གཞོན་ཐུབ་བསྟན་སྨོན་ལམ་ལགས།,
Date
19-07-14