༢༠༡༤།༠༧།༢༤ རེས་གཟའ་ཕུར་བུ།

Title

༢༠༡༤།༠༧།༢༤ རེས་གཟའ་ཕུར་བུ།

Description

  • སིམ་ལའི་ཆིངས་ཡིག་བཞག་ཏེ་ལོ་བརྒྱ་འཁོར་བའི་ལྟ་ཞིབ་ཅེས་པའི་གོ་རྟོགས་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་བསྒྲིགས་གནང་སོང་།
  • ཨ་རིའི་རྩོམ་པ་པོ་ཞིག་གིས་རྩོམ་བྲིས་གནང་བའི་བསོད་རྒྱལ་རིན་པོ་ཆེ་མཆོག་གི་མཛད་རྣམ་ཕྱག་དེབ་དབུ་འབྱེད་ལས་རིམ་ཐོག་རྒྱ་གཞུང་ནས་༸གོང་ས་མཆོག་དང་ལྷན་དུ་གྲོས་མོལ་གནང་དགོས་གལ་སྐོར་གསུངས་འདུག
  • བྲག་ཡབ་སྐྱབས་མགོན་མཆོག་ནས་སྤྲུལ་སྐུའི་ལམ་སྲོལ་མུ་མཐུད་འཛིན་སྐྱོང་བྱ་ཡག་འདི་དགེ་མཚན་ལས་སྐྱོན་ཆེ་བ་གཟིགས་ཀྱི་ཡོད་པ་གསུངས་འདུག
  • བོད་ནང་རྒྱ་ནག་གཞུང་ནས་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་བཏང་བ་དེ་རྒྱ་ནག་རང་གི་དམག་དོན་ཐབས་བྱུས་ཡིན་པ་མ་གཏོགས་བོད་མིར་ཕན་པ་ཞིག་མིན་སྐོར་འགྲེལ་བརྗོད་གནང་སོང་།
  • རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་དགའ་ལྡན་དགོན་པར་༸གོང་ས་མ་ཆོག་གི་སྐུའི་མཛད་རྣམ་སྐོར་བགྲོ་གླེང་ཚོགས་གནང་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་བོད་མིའི་སྤྱི་ཚོགས་ནང་དུ་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་སྐོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་ནས་ངོ་སྤྲོད་གནང་བ་བཅས།

Identifier

1105 'A'

Contributor

སྤྱི་འཐུས་རྒྱུན་ལས་བློ་བཟང་ཡེ་ཤེས་ལགས།,འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་,་བསོད་རྒྱལ་རིན་པོ་ཆེ་མཆོག་,བྲག་ཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་,བློ་བཟང་རྣམ་རྒྱལ་ལགས།,

Date

24-07-14